The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Orgyen Dorje Chang—Tibetan

English | Deutsch | བོད་ཡིག

༄༅། །ཨོ་རྒྱན་རྡོ་རྗེ་འཆང་གི་གསོལ་འདེབས།

 

ན་མོ་གུ་རུ།

རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །

ཌཱཀྐཱིའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་མ། །

རྗེ་འབངས་གཏེར་སྟོན་གྲུབ་རིགས་རྒྱ་མཚོ་སོགས། །

བརྒྱུད་གསུམ་རིག་འཛིན་བླ་མར་གསོལ་བ་འདེབས། །

མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །

སྲིད་ལས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །

བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །

ཅི་སྣང་བླ་མར་འཆར་བར་བྱིན་གྱིས་རློབས། །

ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །

རིག་པ་བཙན་ས་ཟིན་པར་བྱིན་གྱིས་རློབས། །

སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །

སྐུ་ལྔ་ལྷུན་གྲུབ་ཐོབ་པར་བྱིན་གྱིས་རློབས། །

 

ཞེས་པའང་རིགས་ལྡན་དྷཱ་ཀི་སྒྲོལ་མ་ལྷ་དཀར་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།    །དགེའོ།    །དགེའོ།  དགེའོ།  བཀྲ་ཤིས།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Guru Padmasambhava

This website uses cookies to collect anonymous usage statistics and enhance the user experience.
Decline
Accept