The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Karsé Kongtrul Prayer—Tibetan

English | བོད་ཡིག

༄༅། །ཀརྨ་དཔལ་ལྡན་མཁྱེན་བརྩེའི་གསོལ་འདེབས།

 

ཨོཾ་སྭསྟི།

དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་དངོས། །

རིགས་ཀུན་ཁྱབ་བདག་འཇམ་མགོན་སྤྲུལ་པའི་སྐུ། །

ཀརྨ་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལ། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །

 

ངེས་འབྱུང་བྱང་སེམས་རྒྱུད་ལ་སྐྱེ་བ་དང་། །

ཐུགས་རྒྱུད་དགོངས་པའི་བྱིན་ཆེན་འཕོ་བ་ལས། །

རང་རིག་གཉུག་མ་ཕྱག་རྒྱ་ཆེན་པོ་ཡི། །

རྟོགས་པ་ཡང་དག་ཇི་བཞིན་འཁྲུངས་པར་ཤོག །

 

འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །

འཇམ་མགོན་ཡིད་བཞིན་ནོར་བུས་རྗེས་བཟུང་ནས། །

གསང་བ་གསུམ་དང་དབྱེར་མེད་གྱུར་ནས་ཀྱང་། །

རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །

 

ལྷ་སྟེང་ཛྙཱ་ན་མཆོག་སྤྲུལ་གྱིས་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་བྲིས།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Karsé Kongtrul Khyentse Özer

This website uses cookies to collect anonymous usage statistics and enhance the user experience.
Decline
Accept