Prayer to Bhagavān Mañjughoṣa—Tibetan
༄༅། །བཅོམ་ལྡན་འཇམ་དཔལ་དབྱངས་ལ་གསོལ་འདེབས། །
ལྷ་ཡི་ལྷར་གྱུར་བཅོམ་ལྡན་འཇམ་དཔལ་དབྱངས། །
བདག་བློའི་སྙིང་གི་མུན་པ་རབ་བསལ་ནས། །
ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་ཡི། །
བློ་གྲོས་སྤོབས་པའི་སྒོ་བརྒྱ་འབྱེད་དུ་གསོལ། །
ཨོཾ་ཨ་ར་པ་ཙ་ན་དྷཱིཿ
འདི་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསུང་བྱིན་རླབས་ཅན༎ ༎