The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Riké Chatral Long-Life Prayer—Tibetan

English | བོད་ཡིག

༄༅། །རི་ཀེག་བྱ་བྲལ་ལ་ཞབས་བརྟན་གནང་བ།

 

ཨོཾ་སྭསྟི།

འཆི་མེད་གྲུབ་པ་པདྨ་འབྱུང་གནས་དང་།    །

འཆི་མེད་རིག་འཛིན་ཐང་སྟོང་རྒྱལ་པོ་སོགས།    །

འཆི་མེད་གྲུབ་པ་རྣམས་ཀྱི་བདེན་སྟོབས་ཀྱིས།    །

དཔལ་ལྡན་བླ་མའི་སྐུ་ཚེའི་བར་ཆད་སོལ།    །

 

མི་ཤིགས་རྡོ་རྗེའི་གུར་དུ་ཚུད་པ་དང་།    །

མི་འགྱུར་ཚེ་ཡི་སྲོག་རྩ་རབ་ཏུ་བརྟན།    །

མི་འཆི་ཚེ་ཡི་དངོས་གྲུབ་རབ་ཐོབ་ནས།    །

མི་ཕམ་གཞོམ་མེད་རྡོ་རྗེར་བརྟན་བཞུགས་གསོལ།    །

 

སྐུ་ནི་བརྩོན་འགྲུས་བཟང་པོ་ལྟར་བརྟན་ཅིང་།    །

གསུང་ནི་འགགས་མེད་སྙན་བརྒྱུད་ཆོས་སྒྲ་སྒྲོགས།    །

ཐུགས་ནི་འོད་གསལ་དགོངས་པའི་རྩལ་འབར་ཏེ།    །

ལྷུན་གྲུབ་ཕྲིན་ལས་ཕྱོགས་བཅུར་རྒྱས་བཞུགས་གསོལ།    །

 

ཅེས་བརྟན་བཞུགས་སྨོན་ཚིག་དང་སྤྲེལ་བཀྲ་ཤིས་པའི་ལྷ་རེག་དྲི་བྲལ།  འཆི་མེད་ཚེའི་བཅུད་ལེན་རིལ་བུ།  འཆི་མེད་འཕགས་མའི་སྐུ་གསུང་ཐུགས་དང་དབྱེར་མེད་མཚོན་བྱེད་སྒྲོལ་དཀར་དངུལ་སྐུ་བཅས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཕུལ་བ་དགེའོ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

རི་སྐེད་བྱ་བྲལ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept