Khyentse Chökyi Lodrö Long-Life Prayer—Tibetan
༄༅། །ཞབས་བརྟན་བདེན་ཚིག་བཀྲ་ཤིས་འཁྱིལ་པ་ཞེས་བྱ་བ།
ན་མོ་གུ་རུ། །
ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་དང་། །
རྩ་གསུམ་ཆོས་སྐྱོང་སྲུངས་མའི་བདེན་སྟོབས་ཀྱིས། །
ཇི་ལྟར་སྨོན་པའི་གནས་འདི་གེགས་མེད་དུ། །
འགྲུབ་པར་བྱིན་རླབས་བདེན་པའི་ནུས་མཐུ་སྩོལ། །
འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོ་ཡི། །
ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཆོག །
ཕྲིན་ལས་མཐུ་སྟོབས་ནུས་པའི་རྩལ་ཤུགས་འཆངས། །
ཆོས་ཀྱི་བློ་གྲོས་ཞབས་པད་བརྟན་གྱུར་ཅིག །
དཔལ་ཆེན་རྡོ་རྗེ་གཞོན་ནུའི་བྱིན་རླབས་ཀྱིས། །
དཔལ་ལྡན་བླ་མའི་སྐུ་ཚེའི་འཕྲང་སྒྲོལ་ཞིང་། །
བཤད་བསྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས་བཞིན་དུ། །
བསྐལ་བརྒྱར་འཚོ་གཞེས་ཕྲིན་ལས་རྒྱས་གྱུར་ཅིག །
ཅེས་པའང་དད་དམ་མཚུངས་བྲལ་རབས་གང་བསོད་ནམ་བཀྲ་ཤིས་ནས་ལྷ་རྫས་དང་རིན་ཆེན་གཉིས་པའི་མེ་ཏོག་སྐུ་གསུམ་གྲངས་ལྡན་བཅས་བསྐུལ་ངོར་༧ཆོས་ཀྱི་བློ་གྲོས་རང་ཉིད་ཀྱིས་སྨྲས་པ་དོན་དང་ལྡན་པར་གྱུར་ཅིག ། །།