Kalzang Drolkar Long-Life Prayer—Tibetan
༄༅། །སྐལ་བཟང་སྒྲོལ་དཀར་ཞབས་བརྟན་གསོལ་འདེབས།
ཨོཾ་སྭསྟི།
འཆི་མེད་རིག་འཛིན་རྩ་གསུམ་རྒྱ་མཚོ་ཡི། །
ཐུགས་རྗེའི་བྱིན་རླབས་བདེན་པའི་སྟོབས་ཆེན་པོས། །
གྲུབ་པའི་དབང་མོའི་སྐུ་ཚེའི་བར་ཆད་སོལ། །
ཞབས་པད་མི་ཤིག་རྡོ་རྗེར་བརྟན་གྱུར་ཅིག །
སྐལ༵་བཟ༵ང་གྲུབ་པའི་ལང་ཚོ་རྒྱས་པ་དང་། །
སྒྲོལ༵་མ་དཀ༵ར་མོ་ཡིད་བཞིན་འཁོར་ལོ་ཡི། །
བདུད་རྩིའི་བུམ་བཟང་རྒྱུན་གྱི་དབང་བསྐུར་བས། །
གྲུབ་པའི་རྒྱལ་མོའི་ངོ་བོར་འཚོ་གཞེས་ཤིང་། །
བསྟན་འགྲོར་ཕན་བདེའི་འདོད་དགུ་སྦྱིན་མཛད་གསོལ། །
ཅེས་ཞབས་བརྟན་གསོལ་འདེབས་དང་འབྲེལ། བཀྲ་ཤིས་ལྷ་རེག །གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་གཞེས་བརྟན་པའི་སྐུ་གསུང་ཐུགས་རྟེན། འཆི་མེད་གྲུབ་པའི་བཅུད་ལེན་རིལ་བུ་བཅས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པས་ཟླ་ཚེས་དགེ་བར་ཕུལ།། །།