Prayer to Khyentse Chökyi Lodrö—Tibetan
༄༅། །དད་ལྡན་གྱི་སློབ་མས་བསྐུལ་བའི་ངོར་སྨྲས་པའི་གསོལ་འདེབས།
འཇམ་དབྱངས་དགྱེས་པའི་རྡོ་རྗེའི་བྱིན་རླབས་ལས། །
དབྱངས་ཀྱི་ཡན་ལག་ཆོས་ཚུལ་རྒྱ་མཚོའི་མཛོད། །
བློ་གྲོས་རྒྱ་མཚོའི་འབྱུང་གནས་བླ་མ་ལ། །
སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
ཅེས་པའང་དད་ལྡན་གྱི་སློབ་མས་རིན་གཉིས་རྟེན་དང་བཅས་བསྐུལ་བའི་ངོར་རང་ཉིད་ཀྱིས་སྨྲས་པ་སིདྡྷི་རསྟུ།། །།