Lords of the Three Families—Tibetan
Praise
Deities
Mañjuśrī
Avalokiteśvara
Vajrapāṇi
བོད་ཀྱི་བླ་མ།
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།
༄༅། །རིགས་གསུམ་མགོན་པོའི་བསྟོད་པ་བཞུགས།
༄༅། །ཨོཾ་སྭསྟི།
ལྟ་ངན་མུན་པ་སེལ་མཛད་ཅིང་། །
ཡང་དག་བློ་ཡི་པདྨོ་འབྱེད། །
ཇི་ལྟ་ཇི་སྙེད་ཤེས་བྱ་གཟིགས། །
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
བརྩེ་བ་ཆེན་པོས་སྤྱན་གྱིས་གཟིགས། །
སེམས་ཅན་སྡུག་བསྔལ་གཟེབ་ལས་སྒྲོལ། །
རྟག་པར་འགྲོ་བའི་དོན་མཛད་པ། །
ཐུགས་རྗེ་ཆེན་པོར་ཕྱག་འཚལ་ལོ། །
ལག་ན་རྡོ་རྗེའི་མཚོན་ཐོགས་ཤིང་། །
བདུད་ཀྱི་སྡེ་རྣམས་མཐར་བྱེད་པ། །
སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །
ཕྱག་ན་རྡོ་རྗེར་ཕྱག་འཚལ་ལོ། །
བླ་མ་རིགས་གསུམ་མགོན་པོ་ལ། །
བསྟོད་པ་བགྱིས་པའི་དགེ་བ་འདིས། །
བདག་གཞན་སེམས་ཅན་ཐམས་ཅད་ཀུན། །
བྱང་ཆུབ་གོ་འཕང་ཐོབ་པར་ཤོག། །།