The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Swift Rebirth of Fifth Dzogchen—Tibetan

English | བོད་ཡིག

༄༅། །གྲུབ་དབང་རྫོགས་ཆེན་ལྔ་པའི་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་འདོད་དོན་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།

 

ཨོཾ་སྭསྟི།

རྩ་གསུམ་རབ་འབྱམས་ཐུགས་རྗེའི་བདེན་སྟོབས་དང་། །

རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ནུས་མཐུ་དང་། །

བདེན་པའི་སྟོབས་ཀྱིས་རྣམ་དག་སྨོན་པའི་གནས། །

གེགས་མེད་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །

 

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྫོགས་ཆེན་པ། །

དཔལ་ལྡན་བླ་མ་ཆོས་ཀྱི་རྡོ་རྗེ་ཡི། །

ངོ་མཚར་མཆོག་གི་སྤྲུལ་པའི་ཟླ་ཞལ་ནི། །

བསྟན་འགྲོ་སྤྱི་དང་གསང་ཆེན་སྔ་འགྱུར་གྱི། །

བཤད་སྒྲུབ་བསྟན་པའི་མགོན་དུ་མྱུར་འབྱོན་ཤོག །

 

ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ནས། །

བར་ཆད་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ། །

དོན་གཉིས་ལྷུན་གྲུབ་བསྡུ་བ་རྣམ་པ་བཞིས། །

མཐའ་ཡས་འགྲོ་བའི་རེ་བ་སྐོངས་གྱུར་ཅིག །

 

ཅེས་པའང་དགེ་སློང་བཟང་པོས་གསུང་བསྐུལ་བཞིན་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།

Further information:

BDRC Author Profiles: P733 P701

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept