Cloud Banks of Blessings—Tibetan
༄༅། །ཨོ་རྒྱན་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས།
ན་མོ་གུ་རུ།
རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་པདྨ་འབྱུང་། །
རྒྱལ་དང་དེ་སྲས་ཐུགས་བསྐྱེད་གཅིག་བསྡུས་པ། །
དྲན་པས་གདུང་སེལ་མཚོ་སྐྱེས་རྡོ་རྗེ་མཁྱེན། །
བོད་འབངས་སྐྱོབས་པའི་གཉེན་གཅིག་གུ་རུ་རྗེ། །
ཀྱེ་མ་ཀྱི་ཧུད་རྒྱལ་སྲས་ཐུགས་རྗེ་ཅན། །
བདག་འདྲ་སེམས་ཅན་ལས་ཀྱིས་མནར་བ་ལ། །
ཁྱེད་ཀྱི་ཐུགས་རྗེའི་ཕྱག་གིས་མི་འཛིན་ན། །
བདག་ཅག་ཡལ་བར་འདོར་བ་མ་ལགས་སམ། །
མགོན་པོ་ཁྱེད་ལ་ཉིན་མཚན་དུས་དྲུག་ཏུ། །
སྙན་འགྱུར་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །
ཕ་ཡི་བུ་ལ་གཟིགས་ཤིག་ཨོ་རྒྱན་རྗེ། །
གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས། །
བདག་སོགས་ལས་ངན་སྡིག་སྒྲིབ་དག་པ་དང་། །
དམ་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་སོལ། །
ཆོས་བཞིན་བསམ་པའི་དོན་རྣམས་མ་ལུས་པ། །
མྱུར་དུ་འགྱུར་པར་བྱིན་གྱིས་བརླབ་ཏུ་གསོལ། །
ཅེས་པའང་ཆོས་ཀྱི་བློ་གྲོས་པས་རྩེ་གཅིག་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།