The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration for Jamyang Tsultrim—Tibetan

English | བོད་ཡིག

༄༅། །ས་སྐྱ་རྩེ་གདོང་གྲྭ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་སྐུལ་ངོར་བྲིས་པའི་སྨོན་ལམ།

 

ཕྱོགས་དུས་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །

བླ་མ་ཡི་དམ་ཆོས་སྐྱོང་ནོར་ལྷ་ཡིས། །

བདག་གི་ཆོས་དང་མཐུན་པའི་བསམ་སྦྱོར་ཀུན། །

གེགས་མེད་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །

 

ངེས་འབྱུང་ཚུལ་ཁྲིམས་གཞི་རྩ་རབ་ཏུ་བརྟན། །

གཞན་ཕན་བྱམས་དང་སྙིང་རྗེ་བྱམས་སེམས་དང་། །

བླ་མར་མོས་གུས་རི་རྒྱལ་ལྟར་བརྟན་པས། །

སྡོམ་དང་དམ་ཚིག་རྣམ་པར་དག་པར་ཤོག །

 

ཇི་ལྟར་སྣང་བ་འདི་དག་རང་གི་སེམས། །

རང་སེམས་གདོད་ནས་སྐྱེ་འགག་གནས་གསུམ་བྲལ། །

གསལ་རིག་སྟོང་གསུམ་དབྱེར་མེད་གནས་ལུགས་གཤིས། །

བརྗོད་བྲལ་ལྟ་བ་མངོན་དུ་བྱེད་པར་ཤོག །

 

ཟབ་མོ་བསྐྱེད་དང་རྫོགས་པའི་རིམ་པ་ཡི། །

དབང་བཞིའི་རྣལ་འབྱོར་ཟབ་མོར་བརྩོན་པ་ལས། །

སྒྲིབ་དག་སྐུ་བཞི་ཡེ་ཤེས་མངོན་དུ་གྱུར། །

འབྲས་བུ་རྒྱལ་པོའི་བཙན་ས་ཟིན་པར་ཤོག །

 

མདོར་ན་མཉམ་རྗེས་ཀུན་ཏུ་ཐ་མལ་གྱི། །

འཁྲུལ་པ་རྒྱ་འབྱམས་དབང་དུ་མ་ཤོར་བར། །

འཁོར་འདས་དབྱེར་མེད་ལྟ་བའི་ཉམས་ལེན་གྱི། །

གནད་དང་འབྲལ་མེད་ཡེ་ཤེས་འཆར་བར་ཤོག །

 

ཚེ་རབས་ཀུན་ཏུ་བླ་མས་རྗེས་སུ་བཟུང་། །

བྱང་ཆུབ་སྤྱོད་ལས་ནམ་ཡང་མི་འདའ་ཞིང་། །

དྲན་ཤེས་བག་ཡོད་རྒྱུན་དུ་བསྟེན་པ་དང་། །

འགྲོ་བ་སེམས་ཅན་དོན་རབ་བརྩོན་པར་ཤོག །

 

ཅེས་པའང་ས་སྐྱ་རྩེ་གདོང་གྲྭ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་སྐུལ་ངོར་ཆོས་ཀྱི་བློ་གྲོས་པས་ལྷ་གདན་གཙུག་ལག་ཁང་གི་ཉེ་ལོགས་སུ་བྲིས་པ་དགེའོ། །

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept