Short Prayer to Tārā—Tibetan
༄༅། །སྒྲོལ་མའི་གསོལ་འདེབས།
དུས་གསུམ་རྒྱལ་བ་སྲས་བཅས་སྐྱེད་པའི་ཡུམ། །
བཅོམ་ལྡན་རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །
དབྱེར་མེད་བླ་མ་སངས་རྒྱས་ཀུན་འདུས་ལ། །
སྒོ་གསུམ་རྩེ་གཅིག་གུས་པས་གསོལ་བ་འདེབས། །
འཆི་མེད་རྡོ་རྗེ་བདེ་བའི་ཡེ་ཤེས་ཀྱིས། །
སྨིན་ཅིང་གྲོལ་ནས་དོན་གཉིས་མྱུར་འགྲུབ་ཤོག །
ཅེས་འཇམ་དཔལ་བསྟན་དར་སོགས་དད་ལྡན་རྣམས་ཀྱི་ངོར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།།