Prayer to Kongtrul Lodrö Thayé—Tibetan
༄༅། །ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གསོལ་འདེབས།
སྐྱེས་ཆེན་ཡོངས་འཛིན་དུ་མས་རྗེས་སུ་བཟུང་། །
རིས་མེད་རྒྱལ་བསྟན་ཀུན་ལ་མཁྱེན་པ་རྒྱས། །
སུམ་ལྡན་རྡོ་རྗེ་འཛིན་མཆོག་རིགས་ཀྱི་བདག །
བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས། །
ཞེས་དགེ་སློང་ཚོགས་གཉིས་རྡོ་རྗེའི་ངོར་རི་རྒྱལ་རྫོང་དུ་རང་ཉིད་ཀྱིས་སྨྲས་པ་དགེ་ལེགས་འཕེལ།། །།