The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Rigdzin Düpa Retreat Guide—Tibetan

English | བོད་ཡིག

༄༅། །ཀློང་ཆེན་སྙིང་ཐིག་གི་རྩ་བ་གསུམ་གྱི་བསྙེན་སྒྲུབ་བྱ་བའི་རིམ་པ་གྲུབ་བརྙེས་རིག་འཛིན་གོང་མའི་གཤེགས་ཤུལ་ཞེས་བྱ་བ་བཞུགས།

 

ཨོཾ་སྭཱསྟི་སིདྡྷི།

འཁོར་འདས་དག་མཉམ་དབྱིངས་སུ་རོལ་བའི་རིག་འཛིན་བླ་མ་མཚོ་སྐྱེས་རྗེ། །
བཀའ་བརྒྱད་ཀྱི་སྒྲུབ་པ་སྤྱི་འདུས་ཡི་དམ་ལྷ་མཆོག་དཔལ་ཆེན་ལྷ། །
མཆོག་གི་བདེ་ཆེན་ཡེ་ཤེས་སྟེར་མཛོད་དུས་གསུམ་རྒྱལ་ཡུམ་མཁའ་འགྲོའི་གཙོ། 
རྣམ་ཀུན་སྤྱི་གཙུག་རྒྱན་དུ་རོལ་ཞིང་མཆོག་ཐུན་དགེ་ལེགས་ཤིས་པ་སྩོལ། །

འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་རྩ་བ་གསུམ་གྱི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལ། དེ་ཡང་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་བསྒྲིགས་དང་འབྲེལ་བ། ཆོག་བསྒྲིགས་ཕྱག་བཞེས་དང་འབྲེལ་བ་ཞིག དགོས་པར་གསུངས་པས། འདིར་སྐབས་སུ་བབ་པ་རྡོ་གྲུབ་ཆེན་མཆོག་གི་ཕྱག་བཞེས་ཁོ་ན་ལྟར་བསྙེན་མཚམས་ཀྱི་ཟིན་བྲིས་ཞིབ་གསལ་དུ་འགོད་པ་ལ།

དེ་ཡང་ཐོག་མར་རྡོ་རྗེའི་སློབ་དཔོན་མཚོན་ཉིད་དང་ལྡན་པའི་དྲུང་ནས། ཀློང་ཆེན་སྙིང་ཐིག་གི་ཆོས་ཀ་འདི་རྣམས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་མནོས་ནས། དད་པ་དང་དམ་ཚིག་ལ་གནས་པས་བསྐྱེད་རྫོགས་ཀྱི་ལམ་ལ་འཇུག་པའི་ཚུལ་ལུགས་མ་ནོར་བར་ཤེས་ཤིང་ལམ་ཐུན་མོང་བས་རྒྱུད་ལེགས་པར་འབྱོངས་བའི་གང་ཟག་གང་ཞིག་གིས། གང་དུ་བསྒྲུབ་པའི་གནས་ནི།

གནས་ཡུལ་བྱིན་ཅན་དང་། ཁྱད་པར་ཨོ་རྒྱན་ཆེན་པོ་སོགས་གྲུབ་ཐོབ་གོང་མ་རྣམས་ཀྱི་ཞབས་ཀྱིས་བཅགས་པའི་སྒྲུབ་གནས་རྣམས་ནི་མཆོག་ཏུ་བསྔགས་པ་ཡིན།

གནས་ཁང་གསར་པ་ཡིན་ན།

དགྲ་འདྲེས་དབང་དུ་མ་བྱས་པའི་གནས་སོགས་འགལ་རྐྱེན་མེད་པའི་སྐབས་བཙལ་ཞིང་བདག་བསྐྱེད་སྔོན་དུ་འགྲོ་བས་ས་ཆོག་བྱ་བ་ནི།

སའི་ལྷ་མོ་དང་། གཉུག་མར་གནས་པ་སོ་སོ་ལ་གསེར་སྐྱེམས་དང་གཏོར་མ་དཀར་ཟླུམ་མཐེབ་སྐྱུ་རིལ་བུས་མཚན་པ་རེ་དང་ཉེར་སྤྱོད་བཅས་བཤམ།

བདག་གི་རྣལ་འབྱོར་ལ་སྙེམས་པས། ས་ལྷའི་གཏོར་མ་བསངས་སྦྱངས།

ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ།

ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཧཾ།

ཨོཾ་ཨཱཿཧཱུྃ

གིས་བྱིན་གྱིས་བརླབས། བསྡུ་རྒྱ་སེ་གོལ་གཏོགས་པ་དང་བཅས།

པྲྀ་ཐཱི་དྷི་ཝཱི་ས་མཱ་ཛཿ

སའི་ལྷ་མོ་སེར་མོ་བུམ་པ་འཛིན་པ་དོ་ཤལ་དང་རྐང་གདུབ་ཀྱི་སྒྲ་སྒྲོགས་པ་ས་བདག་ཀླུ་གཉན་གྱི་འཁོར་དང་བཅས་པ་སྤྱན་དྲངས།

ཨཱོྃ་པྲི་ཐཱི་དྷི་ཝཱི་ཨརྒྷཾ་པཱ་དྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤཔྟ་པྲ་ཏཱི་ཙྪ་ཡེ་སཱ་ཧཱས་མཆོད།

སྐྱོབ་བ་སངས་རྒྱས་ཐམས་ཅད་ཀྱིས། །

སྤྱོད་པའི་ཚུལ་དང་ཁྱད་པར་དང་། །

ས་དང་ཕ་རོལ་ཕྱིན་རྣམས་ལ། །

ལྷ་མོ་་ཁྱོད་ནི་དཔང་དུ་རྒྱུར།

ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །

ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །

དེ་བཞིན་བདག་གིས་བདུད་སྡེ་ལས། །

རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །

བདག་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེང་གིས།

སའི་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག

ཅེས་བརྗོད་པས། དེས་ཀྱང་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག་ཅེས་གནང་བ་བྱིན་པར་བསམ།

གཉུག་མར་གནས་པ་ལ།

ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། 

གང་དག་འདིར་གནས་ལྷ་དང་ཀླུ། །

གནོད་སྦྱིན་སྲིན་པོ་གཞན་དག་ལ། །

ས་འདི་བདག་གིས་བསླང་བར་བགྱི། །

དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །

མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །

རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །

ནད་མེད་ཚེ་དང་དབང་ཕྱུག་དང༌། །

དཔལ་དང་གྲགས་དང་སྐལ་པ་བཟང༌། །

ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །

ཞི་དང་རྒྱས་ལ་སོགས་པ་ཡི། །

ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །

དམ་ཚིག་ཅན་གྱིས་བདག་ལ་སྲུངས།

དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོད། །

དུས་མིན་འཆི་དང་ནད་རྣམས་དང༌། །

གདོན་དང་བགེགས་རྣམས་མེད་པར་མཛོད། །

རྨི་ལམ་ངན་དང་མཚན་མ་ངན། །

བྱ་བྱེད་ངན་པ་མེད་པར་མཛོད། །

འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །

འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །

དགེ་ལེགས་ཕུན་སུམ་ཚོགས་པའི་གནས། །

ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །

བཛྲ་མུཿས་མགྲོན་རྣམས་རང་གནས་སུ་གཏང་།

གཞི་དེའི་ཁོར་ཡུག་ཏུ་ལག་མཐིལ་གཡས་ཀྱི་སོར་མོ་རྣམས་ཕྲལ་བ་བསྐོར་ཞིང་།

ཨཱོྃ་ཧ་ན་ཧ་ན་ཧཱུྃ་ཕཊ།

ཅེས་བརྗོད་པས་དེ་ལས་འོད་ཟེར་བྱུང་སྟེ་མ་དག་པ་ཐམས་ཅད་སྦྱངས་པར་བསམ།

ཨཱོྃ་བྷཱུ་ཁཾ་ཀྱིས།

ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར།

ཨཱོྃ་མེ་དི་ནི་བཛྲ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཅིས་རྡོ་རྗེའི་གཞིར་གྱུར།

ཨཱོྃ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་ཀྱིས་བསྲུང་བར་བྱའོ། །

ཞེས་ས་ཆོག་ཚུལ་ལྡན་བྱ། སྒྲུབ་གནས་རྙིང་པ་ལ་མི་དགོས།

སྤྱིར་བསྙེན་མཚམས་ཀྱི་སྔོན་དུ་བསོད་ནམས་ཀྱི་དཔུང་བསྐྱེད་པ་ཞེས་དཀོན་མཆོག་ལ་མཆོད་པ། །ཀློང་སྙིང་བསང་བརྔན་ཆོ་ག སྡེ་བརྒྱད་མཆོད་པ། གྲུབ་རྒན་གསུང་ཉམས་ཆག་སྐོང་བཤགས་ཀྱི་ཆོ་ག་རྣམ་གྲོལ་ལམ་བཟང་།

ཁྱད་པར་གནས་ཀྱི་ཤར་དུ་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལང་གཤེགས། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུངས་རྣམས་ཀྱི་མདོ་སྒྲོགས་པ། སཱཙྪ་གདབ་པ། སྲོག་བསླུ་ཉེའུའདོན་པ། ལམ་འཕྲང་འཆོས་པ། ཆ་གསུམ། ཆུ་གཏོར་སོགས་ཅི་ནུས་བྱས་ན་དེས་རྒྱུད་འབྱོངས་ཤིང་སྒྲུབ་པ་ལ་བར་ཆད་མི་འཇུག་པ་དང་དངོས་གྲུབ་མྱུར་བའི་དགོས་པཡོད།

དེ་ནས་གཟའ་སྐར་དུས་སྦྱོར་ལེགས་པའི་ཐོག་གནས་ཁང་ཕྱི་དོར་བྱ་ཞིང་། དཀོན་མཆོག་སྤྱན་འདྲེན་པའི་འདུ་ཤེས་བཟང་པོས་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་ཡོད་ན་བཀྲམ།

སྟེགས་བུ་བང་རིམ་གཉིས་པ་ཁེབས་ལྡན་གྱི་དང་པོར་རྩ་བ་གསུམ་གྱི་རྟེན་གཏོར་རྒྱན་སྤྲོས་དར་གདུགས་ཅན། མདུན་དུ་རིག་འཛིན་འདུས་པའི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་བཤམས་པའི་དབུས་སུ་མཉྫིའི་ཁར་སྒྲུབ་གཏོར་སྐུ་ཙཀ་གིས་བརྒྱན་པ་དར་གདུགས་སེར་པོས་ཕུབ། བང་རིམ་གཉིས་པར་བཀའ་སྲུང་མཆོད་གཏོར་རྣམས་དང་། དེའི་གཡས་སུ་ཆད་ཐོ་དང་གཡོན་དུ་བསྟན་མའི་གཏོར་མ་རྒྱུན་བཞག འོག་མར་སྐོང་བཤགས་རྡོ་རྗེ་ཐོལ་གླུའི་གཏོར་མ་དང་གཡས་གཡོན་སྨན་རཀ ༼བསྙེན་མཚམས་མ་གྲོལ་བར་དུ་སྨན་རག་གི་སྣོད་ཁེབས་བསྙོལ་ནས་འགེབས་སྲོལ་ཡོད།༽ མདུན་དུ་ཉེར་སྤྱོད་ལ་སོགས་པ་མཐོ་དམའ་གོ་རིམ་ལྟར་བཤམ།

རྒྱུན་དུ་མཆོད་པ་རྣམས་ཁ་གསོ་དགོས་པས་མི་བརྗེད་པར་བྱ། དུས་ཆེན་རྣམས་སུ་མཆོད་པ་རྙིང་པ་རྣམས་ཕྱིར་མི་འདོར་བར་ཕྱོགས་གཅིག་ཏུ་བསྡུས་ཏེ་གསར་དུ་བརྗེ།

དཀར་བགེགས་ཆད་བསྟན་གཏོར་མ། ཆོགས་རྫས་ཤ་ཆང་སོགས་ཀྱང་འདུ་བྱས། གཏོར་མ་དང་མཆོད་པ་རྣམས་བཤམས་མ་ཐག་བྱིན་རླབས་མ་བྱས་པར་ཞག་གིས་ཆོད་ན་བགེགས་འཇུག་པར་གསུངས་པས་ཆབ་གཙང་གིས་བྲན་ཏེ་སྤོས་འདུག་ཅིང་མཆོད་རྫས་བྱིན་རླབས་ཟུར་གསལ་ལྟར་བྱ།

དཀྱིལ་འཁོར་དང་ཞལ་སྤྲོད་དུ་རང་གི་སྟན་འོག་ཏུ་འབྲས་སམ་ས་དཀར་གྱིས། རྡོ་རྗེ་རྒྱ་གྲམ་ནི་ཕྱག་རྒྱ་ལ་སྨད་པའི་ཉེས་པ་འབྱུང་ཉེ་བས་གཡུང་དྲུང་གཡས་བསྐོར་འབྲི་ཞིང་རྩྭ་ཀུ་ཤ་རྩེ་མོ་མདུན་བསྟན་དུ་ཅུང་ཟད་ཀྱང་བཀྲམ།

སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུའམ།

ཨཱོཾ་དྷྲྀ་ཏ་རསྟྲ་སྭཱ་ཧཱ། ཨཱོཾ་བེ་རུ་དྷ་ཀ་སྭཱ་ཧཱ། ཨཱོཾ་བེ་རུ་བཱཀྵ་སྭཱ་ཧཱ། ཨཱོཾ་བཻ་ཤྲ་མ་ཎ་སྭཱ་ཧཱ།

ཞེས་སྔགས་བྱང་རབ་གནས་ཅན་ཅོད་པན་དང་བཅས་པ་བཙུགས། ཤིང་བྱང་ལྟ་བུར་སྟེང་དུ་རྡོ་རྗེ་རྭ་གདེངས་པ་ཞིག་དང་།

ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་ཁྱེད་རྣམས་རྟེན་འདིར་བཞུགས་ལ།

ཕྱིའི་བར་ཆད་ནང་དུ་མི་གཏོང་།

ནང་གི་དངོས་གྲུབ་ཕྱིར་མི་ཡལ་བའི་ཕྲིན་ལས་མཛོད་ཅིག

ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭྰ་ཧྰ།

ཞེས་དང་གཤམ་དུ་སྡིག་ཐམ་བཅས་བྲིས་ལ། ཉེ་ལོགས་སྣོད་གཅིག་ཏུ་རྒྱལ་ཆེན་སྡེ་བཞིའི་གཏོར་མ་དང་གསེར་སྐྱེམས་བཅས་འདུ་བྱ།

དེ་ནས་གཟའ་སྐར་དུས་ཚེས་ལེགས་པར་ལྷ་དབང་དུ་བྱ་བའི་རྟེན་འབྲེལ་ཡོད་པས་དགོང་མོ་དབང་གི་དུས་སུ་མཚམས་ཀྱི་མགོ་འཛིན་དགོས་པས།

ཕྱི་དྲོའི་ཆར་བག་ཕེབས་པར་འདུག་ལ། རང་གི་མདུན་དུ་གཡས་ཕྱོགས་ནས་བརྩམས་ཏེ་ནས་བཟེད། ཡུངས་ཐུན། ཌཱ་མ་རུ། དྲིལ་བུ། རྡོ་རྗེ། ནང་མཆོད། ལས་བུམ་བཅས་བཤམ།

ཐོག་མར་བཀྲ་ཤིས་བརྒྱད་པ། ཚིག་བདུན་སྤྱན་འདྲེན། བླ་བརྒྱུད་གསོལ་འདེབས་རྣམས། ལས་བུམ། བརྒྱུད་འདེབས། རྡོར་དྲིལ་བྱིན་བརླབ།

རིག་འདུས་གཞུང་གི་སྐྱབས་སེམས། ཡན་ལག་བདུན་པ། ཚོགས་ཞིང་བསྡུ། སྔོན་གཏོར་སྡེ་བརྒྱད་མཆོད་པའམ། དཀར་གཏོར་བྱིན་བརླབ་མཐར།

གང་དག་འདིར་གནས་

སོགས་གང་རུང་བྱ། བགེགས་གཏོར་བྱིན་བརླབ་བྱས་ནས་ལས་གཞུང་ལྟར་གཏོང་ཞིང་བགེགས་བསྐྲད། གུ་གུལ་གྱིས་བདུག ཡུངས་ཐུན་གྱིས་བྲབ། གཏོར་མ་ཕྱི་རོལ་དུ་བསྐྱལ།

རྒྱལ་ཐོའི་སར་ཕྱིན། ཐོ་གཏོར་གསེར་སྐྱེམས་ཉེར་སྤྱོད་བཅས་བཤམས་པ་ལ་ཆབ་བྲན།

རཾ་ཡཾ་ཁཾ་གིས་བསངས་སྦྱངས།

ཨོཾ་ཨཱཿཧཱུྃ་ཧོཿས་བརླབས། 

ཨཱོཾ་དྷྲྀ་ཏ་རསྟྲ་ཧཱུྃ་ཛཿ ཨཱོཾ་བེ་རུ་དྷ་ཀ་ཧཱུྃ་ཛཿ  ཨཱོཾ་བེ་རུ་བཱཀྵ་ཧཱུྃ་ཛཿ  ཨཱོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ

ཤར་དུ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་བོ་ཞི་ཞིང་བརྗིད་པའི་ཆས་ཅན་པི་ཝཾ་བསྣམས་པ།

ལྷོ་རུ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་བོ་སྐུ་མདོག་སྔོན་པོ་ཅུང་ཟད་ཁྲོ་ཉམས་བརྗིད་པའི་ཆས་ཅན་རལ་གྲི་བསྣམས་པ།

ནུབ་ཏུ་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་སྐུ་མདོག་དམར་པོ་འཛུམ་ཞིང་བརྗིད་པའི་ཆས་ཅན་སྦྲུལ་ཞགས་དང་མཆོད་རྟེན་བསྣམས་པ།

བྱང་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་བཞད་ཅིང་བརྗིད་པའི་ཆས་ཅན་བེ་ཅོན་དང་ནེའུ་ལེ་བསྣམས་པ་འཁོཪ་དང་བཅས་པའི་སྐུར་གྱུར།

རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། 

ཛཿཧཱུྃ་བཾ་ཧོཿ

རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར་པར་བསམ།

ཨཱོཾ་དྷྲྀ་ཏ་རསྟྲ་ཧཱུྃ་ཛཿ ཨཱོཾ་བེ་རུ་དྷ་ཀ་ཧཱུྃ་ཛཿ  ཨཱོྃ་བེ་རུ་བཱཀྵ་ཧཱུྃ་ཛཿ  ཨཱོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ

ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་ཉེར་སྤྱོད་དང་། 

ཨཱོཾ་དྷྲྀ་ཏ་རསྟྲ་ཧཱུྃ་ཛཿ ཨཱོཾ་བེ་རུ་དྷ་ཀ་ཧཱུྃ་ཛཿ  ཨཱོཾ་བེ་རུ་བཱཀྵ་ཧཱུྃ་ཛཿ  ཨཱོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ

ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭ་ཏ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ

ཞེས་ལོན་གསུམ་གྱིས་གཏོར་མ་ཕུལ་ལ། བཞི་ཆོད་ཀྱིས།

ཧཱུྃ། རི་རབ་གླིང་བཞིའི་ཕྱོགས་བཞི་ནས། །

དཔལ་ལྡན་རྒྱལ་པོ་སྡེ་བཞི་བོ། །

ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །

འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །

དྲི་ཟ་གྲུལ་བུམ་ཀླུ་དབང་དང་། །

གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག།ཅེས་ཕྲིན་ལས་བཅོལ། 

ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།

ཞེས་མེ་ཏོག་འཐོར་བས།

རྒྱལ་པོ་ཆེན་པོ་སྡེ་བཞི་སོ་སོའི་དཔུང་དང་བཅས་པ་སྒྲུབ་ཁང་གི་ཕྱོགས་བཞིར་བཞུགས་ནས་སྲུང་བ་མཚམས་ཀྱི་ལས་མཛད་པར་གྱུར་པར་བསམ།

དེ་ནས་སྒོ་བསྡམ། ཕྱི་ནང་གི་རྒྱུ་འགྲུལ་བཅད།

ནང་དུ་ལོག་ནས་ལས་གཞུང་ལྟར་སྲུང་འཁོར་བསྒོམ་ཞིང་། བྱིན་འབེབས། མཆོད་རྫས་བྱིན་བརླབ། ལྷ་བསྐྱེད་སོགས་དཀྱུས་བཞིན་འདོན། བཟླས་པའི་མཐར་མཆོད་བསྟོད་ཡིག་བརྒྱ། གསོལ་ཁ། སྤྲོ་ན་ཚོགས་མཆོད་བྱ།

མཐར་གཞུང་གི་གཏང་རག་མཆོད་བསྟོད་ནས་བཀྲ་ཤིས་བར་འདོན། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད།

དེ་ཕྱིན་ཆད་བསྙེན་ཁྲིད་གསུང་བའི་སྒྲུབ་བླ། སྒྲུབ་གཡོག སྨན་པ། གསོ་སྦྱོང་འདུན་དག་ལེན་མཁན། ཆབ་ཁང་དང་ཆུ་གློག་བཟོ་མཁན་སོགས་ཇི་ཙམ་དགོས་ཡོད་ཀྱི་རྡེའུ་བགྲང་ནས་དམིགས་འོག་ཏུ་བཅུག་པ་འདི་ཙམ་ལས་ངོ་གསར་དང་གཏན་ནས་མི་འཕྲད། དམིགས་རྡེའུ་ནམས་རྒྱལ་ཐོའི་ཟུར་དུ་འཇོག

ཆས་ཀའི་གཏོང་ལེན་སྤང་། སྲུང་མའི་གཏོར་བསྔོས་སྐབས་རྒྱལ་ཆེན་བཞི་ལ་ལས་སྔགས་ཙམ་གྱིས་ཕུལ་བའམ་དམིགས་པས་ཁྱབ་པ་བྱུང་ན་ལེགས།

སྲུང་འཁོར་འདི་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ་ཞིང་། ཐུན་སོ་སོའི་མགོར་གསལ་སྣང་འདོན་སྐྱོར་བྱས་བས་བར་ཆད་མི་འཇུག་པའི་དགོས་པ་ཡོད་གསུངས་སོ།

༈ གཉིས་པ་དངོས་གཞི་ལ།

ཞལ་འདོན་གནང་ཚུལ་དེ་ཡང་སྒྲིགས་ལ་ཕབ་ནས་འདོན་དགོས་པས་ཐུན་གྲོལ་བསྡམས་ཀྱི་བརྡོ་གྲུབ་ཆེན་ཚང་གི་ཕྱག་བཞེས་སུ་རྔ་ཟིལ་འབེབས་བཞག་རོལ་གཅིག་བརྡུང་བའི་སྲོལ་ཡོད་ཀྱང་། སྒྲུབ་སྡེ་པདྨ་འོད་གླིང་འདིར་ནི་ཐུན་དཔོན་གྱིས་འཁར་རྔེའུ་ཟིལ་འབེབས་མཐར་ལན་གཉིས་བརྡུང་དུས་ཐམས་ཅད་ཀྱིས་ཐུན་བསྡམས་ཤིང་། གྲོལ་དུས་ཀྱང་དེ་མཚུངས་བྱ།

ཐོག་མར་ཞག་བདུན་སོགས་སུ་ཐུན་བཞིར་ཕྱེ་བའི་ཐོར་ཐུན་ལ། ཀློང་སྙིང་སྔོན་འགྲོའི་ཐོག་མར་ཐོ་རངས་ལྡང་བའི་རྣལ་འབྱོར་

ཆོས་ཐམས་ཅད་རང་བཞིན་གྱིས༴

ལུས་གནད་ལེགས་པར་བཅས་ཏེ་རླུང་རོ་དགུ་ཕྲུགས་བསལ་ལ།

ཨོཾ་ཨཱཿཧཱུྃ། ལྕེ་དབང་རཾ་ཡིག་སོགས་ངག་བྱིན་རླབས། 

བླ་མ་མཁྱེན། ལན་གསུམ།

སྙིང་དབུས་དད་པའི་

སོགས་བླ་མ་རྒྱང་འབོད་ནས་བཟུང་། སྐྱབས་སེམས། རྡོར་སེམས། མཎྜལ། ཀུ་སུ་ལུའི་ཆོགས་བསག་རྣམས་ཤར་སྒོམ་གྱི་ཚུལ་དུ་སོང་ནས། བླ་མའི་རྣལ་འབྱོར་ལ་ཐུག་པ་ན་སིདྡྷི་ཅི་མང་བཟླས་ཤིང།

མཐར་དབང་བཞི་རླང་བ་ལ་ཡང་ཡང་བརྩོན་པར་བྱས་པས་ཉམས་ཆག་དག་ནས་ཐུགས་རྗེའི་བྱིན་རླབས་འཇུག་ཅིང་སྒྲུབ་པ་མཐར་ཕྱིན་པའི་རྟེན་འབྲེལ་གནད་ཆེ།

ཐུན་ཕྱི་མ་རྣམས་ལ་

བླ་མ་རིན་པོ་ཆེ་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱོང་ཞིང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་ནས། ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།

སོགས་ནས།

ད་རེས་དམྱལ་བ་ནས་དབུ་བཟུང་བས་ཆོག 

སྲོད་ཐུན་གྱི་མཐར་དཔལ་རིའི་སྨོན་ལམ་འདོན།

དེ་ནས་བླ་མ་རིག་འདུས་ཀྱི་བསྙེན་སྒྲུབ་དབུ་འཛུགས་པ་ལ་ཐོར་ཐུན། སྔ་ཐུན། ཕྱི་ཐུན། སྲོད་ཐུན་ཏེ་བཞི་ལས།

 

དང་པོ་ཐོར་ཐུན་ལ།

ཆུ་ཚོད་གསུམ་པ་ནས་དྲུག་པའི་བར་གྱི་འདོན་རིམ་ནི། ཀློང་སྙིང་སྔོན་འགྲོའི་ངག་འདོན་ཐོ་རངས་ལྡང་བའི་རྣལ་འབྱོར། རླུང་རོ་དགུ་ཕྲུགས་བསལ། ངག་བྱིན་རླབས།

བླ་མ་མཁྱེན་སོགས་ནས། 

ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག

ཧཱུྃ ཨོ་རྒྱན་ཡུལ་གྱི༴

ཧཱུྃ་ཧཱུྃ་ཧཱུྃ རྗེ་བཙུན་ཆེན་པོ༴

ཨེ་མ་ཧོཿ སྤྲོས་བྲལ་ཆོས་ཀྱི༴

ཨེ་མ་ཧོ། མཚོ་དབུས་གེ་སར༴

ཨོ་རྒྱན་རིན་པོ་ཆེ་ལ༴

དུས་གསུམ་སངས་རྒྱས༴

མགོན་པོ་སྲིད་ཞིའི༴

ན་མོ་ཤྲཱི་གུ་ར་ཝེ་། བདེ་གཤེགས་སྙིང་པོ་༴

ཀུན་བཟང་རྡོར་སེམས་༴

ལས་བུམ་དུ་ཁྲོ་རྒྱལ་དམེ་བ་བརྩགས་པ་༴

རིགས་བརྒྱའི་དབང་ཕྱུག༴

ༀ་མ་ཧཱ་བཛྲ་༴

རང་གི་སྙིང་གའི་ཧཱུཾ་གི༴

ལྷུག་འདོན་གྱིས་

ན་མཿ བདག་དང་མཐའ་ཡས་༴ལན་གསུམ། 

ཧོཿ རིག་འཛིན་དཀྱིལ་འཁོར་༴ལན་གསུམ།

ཧོཿ ཚུ་ལས་ཆུ་བུར་༴

ཛཿཧཱུྃ་བྃ་ཧོཿ ཚོགས་ཞིང་༴

དཀར་བགེགས་གཏོར་མ་བསྔོ་ན་བྱིན་བརླབ་སྔོན་འགྲོས། བཞི་ཆོད་ཀྱིས་

གང་དག་འདིར་གནས་

སོགས་མཐར་ཌཱ་དྲིལ་འཁྲོལ། བགེགས་ལ་བཞི་ཆོད་ཀྱིས་ཌཱསྣ་བཅས།

ཧྲཱིཿ སྣོད་བཅུད་སྤྲུལ་པའི་

སོགས་ནས།

གཏོར་མ་ལོངས་ལ་སོགས་སམ། མེད་ན་

གནས་འདིར་མ་འདུག་གཞན་དུ་དེངས་ཞེས་བསྒྱུར། 

ཨཱོཾ་སུཾ་བྷ་ནི་༴

ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་༴

གནོད་བྱེད་བགེགས་ཚོགས་༴

ཧྲཱིཿ སྣང་སྲིད་དག་པ་༴

མཚམས་གཅད་དོ་

ཞེས་སྲུང་འཁོར་ལེགས་བར་གསལ་བཏབ།

རང་མདུན་ནང་མཆོད་ཁེབས་བསལ་ལ། ཌཱ་བཅས་

ཧཱུྃཿ སྤྲོས་བྲལ་ཆོས་སྐུའི་སོགས་ནས། 

ཨོཾ་ཨཱཿཧཱུྃཿ བིདྱ་དྷཱ་ར་སོགས་ཌཱ་རུ་ཚར་གཅིག་བཅད་ནས། 

ཡང་ཌཱ་བཅས་

ཨོཾ་ཨཱཿཧཱུྃཿ སྣང་སྲིད་ཐམས་ཅད་༴

ལྷུག་འདོན་གྱིས་

ཧཱུྃཿ མ་བཅོས་རིག་པ་༴

ཌཱ་བཅས་

ཧཱུྃཿ སྔོན་གྱི་བསྐལ་པའི་༴

ཧཱུྃཿ ཐབས་ཀྱིས་བསྐྱེད་པའི༴

ཧཱུྃཿ ལྷ་ཉིད་རང་ལ་༴

ཌཱ་བཅས་

ཨོཾ་ཨཱཿཧཱུྃཿ ཕྱི་ནང་སྣོད་བཅུད་༴

ནང་མཆོད་ཁ་བཅད།

ཧྲཱིཿ མ་བཅོས་སྤྲོས་བྲལ་༴

ལྷུག་འདོན་གྱིས་

ཐུགས་ཀར་པདྨ་༴

ཨ་ཨཱུ་སོགས་དབྱངས་གསལ་རྟེན་སྙིང་ལན་གསུམ།

ༀ་རུ་ཙི་པྲ་མར་ཏ་ན་ཡེ་

སོགས་ལན་གསུམ་མཐར།

ཨོཾ་སུ་པྲ་ཏིཥྛ་༴

ཞེས་ཕྲེང་བ་བྱིན་རླབས་བྱས་ནས་ཕྲེང་བ་ས་རྗེན་དུ་མི་བཞག་གཞན་ལ་མི་སྟོན། དྲོད་དང་མི་འབྲལ་བར་བྱེད་ཅིང་། བཤང་གཅི་སོགས་ལ་འགྲོ་དུས་ཕྲེང་བ་ཁྲོ་ཞལ་དུ་བསམ་པས་སྟན་སྲུང་ཞིང་། དུས་རྒྱུན་དུ་སྟན་དྲོད་དང་མི་འབྲལ་བར་བསྙེན་སྒྲུབ་

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

ཞེས་བཟླ་ཞིང་བསྙེན་པའི་གྲངས་གཟུང་། ཐུན་འཇོག་རན་པ་ན།

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་

སོགས་ཅུང་ཟད་བཟླས་པའི་མཐར།

ནད་གདོན་འཇིགས་བརྒྱད་༴

ཨ་ཨཱ་སོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ།

ནང་མཆོད་ཁེབས་བསལ་ལ། ཌཱ་བཅས་

ༀ་ཨཱཿཧཱུྃཿ ཕྱི་ནང་སྣོད་འཆུད་༴

ནང་མཆོད་ཁ་བཅད། བཞི་ཆོད་ཀྱིས་

ཧྲཱིཿ མ་བཅོས་སྤྲོས་བྲལ་༴

སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཆོལ་བསྟོདཿ

གཞན་ཡང་རིག་འཛིན་༴

ཧཱུྃཿ རིག་འཛིན་འདུས་པའི་༴

ༀ་བཛྲ་ས་ཏྭ་ས་མ་ཡ་སོགས

ཨོཾ། འདིར་ནི་རྟེན་དང་༴

ཧོཿ ཆུ་ལས་ཆུ་བུར་༴

ཧོཿ དུས་གསུམ་བསགས་པའི་༴

ལན་གསུམ། ཌཱ་བཅས་

ཧོཿ རིག་འཛིན་བརྒྱུད་པའི་༴

སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །

སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །

ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །

རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །

 

ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས། །

དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱིས། །

འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །

དེ་དག་ཐམས་ཅད་བདག་གི་འགྲུབ་པར་ཤོག །

 

བསྟན་པའི་དཔལ་གྱུར་བླ་མའི་ཞབས་པའི་བརྟན། །

བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །

བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག

སོགས་ཀྱིས་ཐོར་ཐུན་གྲོལ་ནས། ཞོགས་ཇ་བཞེས།

 

གཉིས་པ་སྔ་ཐུན་ལ།

ཆུ་ཚོད་བརྒྱད་པ་ནས་བཅུ་གཅིག་བར་གྱི་འདོན་རིམ་ནི།

ཧཱུྃ༔ ཨོ་རྒྱན་ཡུལ་གྱི

གུ་རུ་པདྨ་སིདྡྷི་ཧཱྃ༔

ཌཱ་དྲིལ་འཁྲོལ།

ཨེ་མ་ཧོཿ སྤྲོས་བྲལ་ཆོས་ཀྱི་

སོགས་ནས་གསོལ་འདེབས་ལེའུ་བདུན་མ། བསམ་པ་ལྷུན་གྲུབ། བསམ་པ་མྱུར་གྲུབ།

ཨོ་རྒྱན་རིན་པོ་ཆེ་ལ་༴

དུས་གསུམ་སངས་རྒྱས་༴

རིགས་བརྒྱའི་དབང་ཕྱུག་༴

རང་གི་སྙིང་གའི༴

ན་མཿ བདག་དང་མཐའ་ཡས་

སོགས་སྐྱབས་སེམས། ཚོགས་གསོག བཀའ་བསྒོ། སྲུང་འཁོར། བྱིན་འབེབས། མཆོད་རྫས་ཕྱིན་བརླབ། ལྷ་བསྐྱེད། སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། མཆོད་པ། བསྟོད་པ། འཛབ་དགོངས་བཅས་སོང་ནས། ཕྲེང་བྱིན་དོར། བསྙེན་སྒྲུབ་རིམ་པར་བཟླ། མཐར་

ནད་གདོན་འཇིགས་བརྒྱད་

སོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། ཌཱ་བཅས་

ཨོཾ་ཨཱཿཧཱུྃཿ ཕྱི་ནང་སྣོད་བཅུད་༴

སོགས། མཆོད་པ། བསྟོད་པ། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས།

སངས་རྒྱས་བསྟན་པ་༴

ཀུན་བཟང་རྡོ་རྗེ་༴

བསྟན་པའི་དཔལ་གྱུར་༴

སོགས་ཀྱིས་སྔ་ཐུན་གྲོལ་ནས། ཉིན་དགུང་གི་གསོལ་ཚིགས་བཞེས།

 

༈ གསུམ་པ་ཕྱི་ཐུན་ལ།

ཆུ་ཆོད་དང་པོ་ནས་བཞི་པའི་བར་གྱི་འདོན་རིམ་ནི།

ཧཱུྂཿ ཨོ་རྒྱན་ཡུལ་གྱི་༴

རིགས་བརྒྱའི་དབང་ཕྱུག་

སོགས་ནས་རིམ་པར་ཤིས་བརྗོད་ཀྱི་མཇུག་བར་ལྔ་ཐུན་ཇི་ལྟ་བ་བཞིན་འདོན།

མཐར་གསོལ་ཁ་འདོན་ཚུལ་ནི།

གསེར་སྐྱེམས་བསྐང་རྫས་བཅས་བཤམས་ལ་ཆབ་བྲན། འདིར་མཚམས་ནང་རོལ་མོ་མེད་པར་རྔ་རྐྱང་གིས་རོལ་ཚིགས་དང་བསྟུན་ནས་བརྡུང་སྲོལ་ཡོད། རྔ་སྒྲ་ཡང་རང་ཤག་ནང་ཁྱབ་པ་ཙམ་གྱི་སྒྲ་འཇམ་པོར་བརྡུང་བ་ལས་ཤུགས་དྲག་གཏན་ནས་བརྡུང་མི་རུང་། གནམ་རྔ་མེད་ན་ཌཱ་དྲི་ལ་ཁེར་ཆོད་བརྡུང་བའི་ཕྱག་བཞེས་ཡོད་པས། ཐོག་མར།

ཧཱུྃཿ ཨོ་རྒྱན་ཡུལ་གྱི་

སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭཱ་བྷཱ་ཝ་བི་ཤུདྡྷོཉ་ཧཾ

རང་ཉིད་ཡི་དམ་དུ་གསལ་བའི་

སོགས་ཀུན་མཁྱེན་ཀློང་ཆེན་གྱི་གཏོར་བསྔོ་དང་།

རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རླུང་མེ་

སོགས་གྲུབ་ཐོབ་པདྨ་རིག་འཛིན་གྱི་གཏོར་བསྔོ་གཉིས་པོ་རེ་མོས་ཀྱིས་འདོན།

བཀའ་སྲུང་མ་མགོན་ལྕམ་དྲལ་

རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་

སོགས་མངོན་རྟོགས། སྤྱན་འདྲེན། བཞུགས་གསོལ། བྱིན་བརླབ་རྗེས།

བྷྱོཿ ཏིང་འཛིན་སྤྲུལ་པའི་

སོགས་བསྐང་བ་ལན་གསུམ། འཁྲུགས་སྐོང་ཉེར་བསྡུས་

བྷྱོཿ བདེ་ཆེན་སྒྱུ་མའི་

སོགས་ལན་གཅིག བསྟོད་པ་

བྷྱོཿ དཔལ་ལྡན་རང་བྱུང་༴

ཕུར་སྲུང་གསོལ་བསྡུས་

ཨོཾ་ཨཱཿཧཱུྃ། ཕྱི་ནང་གསང་བའི་

སོགས་ལན་གཅིག ཚེ་རིང་མ་

ཀྱཻཿ རང་སྣང་འོད་གསལ་

སོགས་སྤྱན་འདྲེན། བཞུགས་གསོལ། བྱིན་བརླབ་རྗེས།

ཧཱུྃ བདེ་ཆེན་ཆོས་སྐུའི་སོགས་བསྐང་བ་ལན་གསུམ། 

བྷྱོ། མཁའ་འགྲོ་ཆེན་མོ་༴

རྒྱལ་དབང་པདྨ་༴

བྃ་ཧཱུ་རི་ནི་ས་

སོགས་བཟླས་པ་ལན་བདུན།

གཡུ་སྒྲོན་མ་

ཀྱེ། མདུན་དུ་གངས་རི༴

ཧཱུཾ། ཏིང་འཛིན་སྔགས་དང་

སོགས་བསྐང་བ་ལན་གསུམ།

ཧཱུཾ། རྡོ་རྗེ་གཡུ་སྒྲོན་༴

གཟའ་རྒོད་

རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུྃ།

ཧྲཱིཿ དུར་ཁྲོད་རབ་འཇིགས་

སོགས་ལན་གསུམ།

ངན་ནེ་མ་

བྷྱོཿ། འཇིག་རྟེན་འཕྲུལ་གྱི་

སོགས་བསྐང་བ་ལན་གསུམ།

ཚོགས་བདག་

རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གདོད་ནས་འཁོར་འདས་༴

དམ་ཅན་ཕྲིན་བཅོལ་

ཧོ། འཛམ་བུའི་གླིང་གི་སྐྱེས་མཚིག་

སོགས་ལན་གསུམ།

སྐུ་ལྔའི་གསོལ་མཆོད་

ཧཱུཾ། སྤྲོས་བྲལ་ཆོས་ཀྱི་༴

ཅིའུ་དམར་

རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུྂ

ཀྱཻ ཕྱོགས་ཕྱོགས་༴

བྷྱོཿ བཙན་མཁར་དམར་པོའི་

སོགས་ལན་གསུམ།

དགོངས་བཙན་

ཧྲཱིཿ ལྗོན་ཤིང་བྲག་རིཪ་༴

སྡེ་བརྒྱད་མཆོད་བསྡུས་

རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ།

མཆོག་གསུམ་སྐུ་གསུམ་༴

གསེར་སྐྱེམས་

རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་༴

ཨོཾ་ཨཱཿཧཱུྃ། ལན་གསུམ། 

རིག་འཛིན་རྩ་བརྒྱུད་༴

དམ་ཅན་ནོངས་བཤགས་

ཧོ། རང་བཞིན་ཆོས་ཀྱི་

སོགས་ཡིག་བརྒྱའི་མཐར། སྐབས་འདིར་རྒྱལ་ཆེན་བཞི་ལ།

ཨཱོཾ་དྷྲྀ་ཏ་རསྟྲ་ཧཱུྃ་ཛཿ ཨཱོཾ་བེ་རུ་དྷ་ཀ་ཧཱུྃ་ཛཿ  ཨཱོཾ་བེ་རུ་བཱཀྵ་ཧཱུྃ་ཛཿ  ཨཱོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ

ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭ་ཏ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ ཞེས་ལན་གསུམ་གྱིས་བསྔོས་ལ།

ཕྲིན་བཙིལ་

ཀྱེ། ཐེབ་པའི་བསྟན་པ་

གཏོར་འབུལ་

སངས་རྒྱས་བསྟན་སྲུང་༴

འདོད་གསོལ་

སངས་རྒྱས་ཀྱི་བསྟན་པ་དར་བ་༴

མཆོད་པ་

ཨོཾ་ཤྲཱི་དྷརྨ་པཱ་ལ་ཀྵེ་ཏྲ་པཱ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་། བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝེ་དྱ་ཤབྡ་སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཁཱ་ཧི།

རྔ་ཟིལ་འབེབས་བཞག་རོལ་མཐར།

སྔོན་ཚེ་ཨོ་རྒྱན་ཆེན་པོའི་སོགས་ཀྱིས་བསྟོད། 

མཁའ་ལ་སྤྱོད་པའི་

སོགས་སེང་གདོང་བཟླས་པ་ཅི་རིགས་དང་།

ན་མོ་སངས་རྒྱས་ཀྱི་བདེན་པ་དང་སོགས་ཐལ་རྡེབ་བཅས་ལན་གསུམ།

རྫོགས་པའི་བྱང་ཆུབ་༴

ཨོ་རྗེ་འཙུན་མ་སོགས་སྒྲོལ་མ་ལན་གཅིག

རྒྱལ་ཡུམ་སྒྲོལ་མ་

སོགས་འདོན་ནས་ཕྱི་ཐུན་གྲོལ། བསྐང་རྫས་དང་གསེར་སྐྱེམས་ཕྱིར་གཤེགས། མཚན་མོའི་གསོལ་ཚིགས་བཞེས།

 

བཞི་ལ་ཐོད་ཐུན་ལ་།

ཆུ་ཚོད་དྲུག་བ་ནས་དགུ་པའི་བར་གྱི་འདོན་རིམ་ནི།

ཧཱུྃ༔ ཨོཾ་རྒྱན་ཡུལ་གྱི་

སོགས་རིམ་པར་ཤིས་བརྗོད་པར་གོང་གི་སྔ་ཕྱིའི་ཐུན་བཞིན་འདོན་ནས་མཐར།

སངས་རྒྱས་བསྟན་པ་༴

ཀུན་བཟང་རྡོ་རྗེ་༴

དཔལ་རིའི་སྨོན་ལམ་

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ

རང་བཞིན་རྣམ་དག་༴

བདེན་ཚིག་འགྲུབ་པའི་སྨོན་ལམ་

དངོས་གྲུབ་རྒྱ་མཚོའི་འབྱུང་གནས་༴

ཀུན་བཟང་སྣང་མཐའ་པད་འབྱུང་མན་ཆད་དང་༴

དྲིན་ཅན་རྩ་བའི་བླ་མའི་ཡན་ཆད་ཀྱིས། །

འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །

དེ་དག་ཐམས་ཅད་དེང་འདིར་འགྲུབ་གྱུར་ཅིག །

ཞབས་བརྟན།

འགྲོ་བའི་སྡུག་བསྔལ་༴

བསྟན་པའི་དཔལ་གྱུར་༴

 

ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །

བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང། །

མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །

བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །

སོགས་ཀྱིས་དགོང་ཐུན་གྲོལ་ནས། ནུབ་མོ་ཉལ་བའི་ཚེ་སླར་ཡང་སྲུང་འཁོར་ལེགས་པར་གསལ་བཏབ་ནས་ཐུགས་ཀའི་སྔགས་ཕྲེང་འཁོར་བ་ལ་སེམས་བཟུང་སྟེ་དེ་ཉིད་བཟླ་བཞིན་པར་ཉལ་བའི་རྣལ་འབྱོར་ལ་འཇུག་གོ།

སྤྱིར་ཚོགས་མཆོད་ནི་འབྱོར་པས་ལྕོགས་ན་བསྙེན་པའི་དུས་སུ་ཡང་མ་ཆག་པར་འབུལ་ཐུབ་ན་བསོད་ནམས་ཆེ་བས་ཤིན་ཏུ་ལེགས་པ་ཡིན།

ལྷག་བར་སྒྲུབ་པའི་སྐབས་སུ་ནི་ཉིན་རེ་བཞིན་ཚོགས་མཆོད་རྒྱ་གང་ཆེར་བྱ་བ་ངེས་པར་དགོས་ཞེས་གསུངས་པས། ཡར་མར་གྱི་ཆོས་བཅུ་སོགས་སྲོད་ཐུན་གྱི་མཐར་ཚོགས་མཆོད་བྱ་བ་ན།

ཐོག་མར་རང་གི་མདུན་དུ་ལག་པས་ལེན་བདེ་བའི་གནས་སུ་ཅོག་ཙེའི་སྟེང་ན་གཡས་སུ་ཐེབ་རྩེ་བཞི་ལས། ཚོགས་ཕུད་དང་པོ་དང་བར་པ་བཤགས་པ་ལ་ཚོགས་རྫས་ཤ་དང་ཤིང་འབྲས་སོགས་ཅི་འབྱོར་དང་བཅད་ཁམ་རེ་བཅས། ཐ་མ་བསྒྲལ་བ་ལ་བཅད་ཁམ་དང་ཤ་དུམ་བཞག་ལ་ཁེབས་ཀྱིས་བཅད། ལྷག་གཏོར་ལའང་ཚོགས་རྫས་བཅད་ཁམ་བཅས་བཤམས། གཡོན་དུ་ཀ་པཱ་ལར་ཆོས་སྨན་ལྡན་པའི་ཚོགས་ཆང་བཅས་འཚོགས་པར་བྱ།

སྤྱིར་མཚམས་ནང་འདུག་སྐབས་དཀར་བགེགས་ཆད་བརྟན་ཚོགས་གཏོར་རྣམས་བཅའ་ཚུལ་བསྡུས་པ་གཏོར་མ་བཅད་ཁམ་ཞེས་དཀར་གསུམ་མངར་གསུམ་ལྡན་པའི་ཟན་ལེབ་མོར་བཅོས་ཏེ་གྲི་ཆུང་གིས་ལག་སོར་གཉིས་ཀྱི་ཚད་ཙམ་གྲུ་བཞིར་བཅད་ནས། དཀར་གཏོར་ལ་དཀར་རྩི་དང་། གཞན་རྣམས་ལ་སྨུག་རྩི་བྱུག་བ་སོགས་འདུ་བྱས།

དེ་ནས་སྲོད་ཐུན་ཆུ་ཚོད་དྲུག་པ་ནས་དགུ་པའི་བར་གྱི་འདོན་རིམ་ནི།

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་

སོགས་ནས། སྐྱབས་སེམས་ཚོགས་ཞིང་བསྡུ་བའི་མཐར། དཀར་གཏོར་བྱིན་བརླབ་དང་

གང་དག་འདིར་གནས་

སོགས་ཀྱིས་དཀར་གཏོར་མཆོད་ཅིང་། བགེགས་གཏོར་བྱིན་བརླབ་དང་བཀའ་བསྒོའི་ཚིག་མཚམས་

གཏོར་མ་ལོངས་ལ་གཞན་དུ་

སོགས་ཀྱིས་འགེགས་གཏོར་བསྡོ། མཚམས་གཅོད། བྱིན་འབེབས་རྣམས་དཀྱུས་བཞིན་འདོན། བསྙེན་སྒྲུབ་རིམ་པར་བཟླས་པའི་མཇུག་ཏུ།

ནད་གདོན་འཇིགས་བརྒྱད་༴

ཨ་ཨཱ་སོགས་དམྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། ནང་མཆོད་ཁེབས་བསལ་ལ། ཌཱ་བཅས་

སྟོང་པའི་ཡེ་ཤེས་༴

ནང་མཆོད་ཁ་བཅད།

ཧྲཱིཿ མ་བཅོས་སྤྲོས་བྲལ་༴

ཕྱག་འཚལ་བསྟོདཿ

ཨཱོྂ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་ལན་གཅིག 

ཨོ་རྒྱན་རིན་པོ་ཆེ་ལ་༴

ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་གྱུར།

སྒར་འདོན་གྱིས་

ཧཱུྂ། ཡེ་ཤེས་སྐུ་མཆོག་༴

བཟོད་པར་གསོལ།

ཨཱོྂ་བཛྲ་ས་ཏཱ་ས་མ་ཡ་

སོགས་ཡིག་བརྒྱ་ཅི་རིགས་མཐར། ནང་མཆོད་ཁེབས་བསལ་ལ་ཌཱ་བཅས་

ཧཱུྃ༔ བཀའ་གསང་རྨད་དུ༴

ཚིག་རྐང་མཐའ་མར་གཡོན་དྲིལ་བཅས་སྲིན་ལག་གིས་སྨན་འཐོར་ཞིང་

དགྱེས་པར་བཞེས་སུ་གསོལ༔

ཨཱོྃ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད་བཞིན་ཌཱ་འཁྲོལ། 

ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས། །

མ་འབད་བཞིན་དུ་སྐུ་གསུམ་མངོན་གྱུར་ཏེ། །

ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །

ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །

ཚོགས་རྫས་བྱིན་གྱིས་བརླས་པ་ནི། ཆང་ཆུ་ནང་གསུམ་གྱིས་ཕྲན་ལ། བཞི་ཚོད་ཀྱིས་

ཧཱུྃ༔ བདག་ཉིད་ཐུགས་༴

ཌཱ་བཅས་

ཧཱུྃ༔ འོག་མིན་བདེ་ཆེན་

སོགས་ནས།

མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་

ལ་ཌཱ་རུ་ཚར་གཅིག་བཅད་ནས། ཡང་ཌཱ་བཅས་

ཧཱུྃ༔ རྩ་གསུམ་རིག་འཛིན་༴

ཧཱུྂཿ བདག་གི་ཚེ་རབས་༴

ཚོགས་ཐ་མ་ཁེབས་བསལ་ལ་རཀྟ་བྲན་ཞིང་།

ན་མོ་དཀོན་མཆོག་གསུམ་དང་སོགས་ལན་གསུམ། 

ཛཿཧཱུྃ་བཾ་ཧོཿ

ཧཱུྃཿ མ་རིག་ལས་ཉོན་

སོགས་ཀྱིས་བསྒྲལ་བའི་མཐར་ནང་མཆོད་བྲན་ལ་འབུལ་ཞིང་ཌཱ་རུ་འཕྲོལ།

ན་མཿ སརྦ་ཏ་ཐཱ་

སོགས་ལན་གསུམ་དང་།

བཛྲ་སྤ་ར་ཎ་ཁཾ།

ཌཱ་བཅས་

ཨཱཿ ཆོས་དབྱིངས་ཁྱབ་གདལ་༴

འགྲུབ་པའི་ཕྲིན་ལས་མཛོད། །

ཨཱོྂ་བཛྲ་ས་ཏཱ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། 

ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ།

ཨ་ལ་ལ་ཧོཿ

བདག་ལུས་ཕུང་ཁམས་༴

ཨེ་མ་ཧོ། མཚོ་དབུས་གེ་སར་༴

ཨོ་རྒྱན་རིན་པོ་ཆེ་ལ་༴

དུས་གསུམ་སངས་རྒྱས་༴

ཚོགས་ལ་རོལ་མཐར།

ཧཱུྃ། རིག་འཛིན་འདུས་པའི་༴

ལྷག་གཏོར་བདུད་རྩིས་བྲན་ལ་

ཨཱྂ་ཨ་ཀཱ་རོ་༴

ཌཱ་བཅས་

ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་

སོགས་ཀྱིས་ལྷག་གཏོར་སྨན་རཀ་བྲན་ལ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཙོན་གཟུང་བྱ།

ཚོགས་མཆོད་ཕུལ་བའི་༴

ན་མོ་དཀོན་མཆོག་གསུམ་དང་

སོགས་ལན་གསུམ།

ཛཿཧཱུྃ་བཾ་ཧོཿ

ཧཱུྃ༔ བཞེངས་ཤིག་རིག་འཛིན་༴

ཆད་ཐོར་སྨན་རག་བྲན་ལ།

གཏོར་མ་ཡེ་ཤེས་ཀྱི་༴

ཨོཾ་ཨཱཿཧཱུྃ།

ཌཱ་བཅས་

ཧཱུྃ༔ སྔོན་མོ་འོག་མིན་

བསྟན་མར་སྨན་རག་བྲན་ལ།

བཤལ་ཆུ་ཡེ་ཤེས་ཀྱི་༴

ཨོཾ་ཨཱཿཧཱུྃ།

ཌཱ་བཅས་

ཧཱུྃ དཔལ་གྱི་བཀའ་ཉན་༴

རང་མདུན་དུ་ཆད་བསྟན་གཏོར་སྣོད་ཁ་སྦྲུབས་ལ་

ན་མོ་དཀོན་མཆོག་གསུམ་དང་སོགས་ལན་གཅིག། 

ཛཿཧཱུྃ་བཾ་ཧོཿ

རྡོ་རྗེས་རྒྱ་གྲམ་བྱས། ཌཱ་བཅས་

ཧཱུྃ རིག་འཛིན་རྒྱལ་བའི་༴

བདག་ཅག་དཔོན་སློབ་

སོགས་ནས།

བྷྲཱུྃ༔་པུ་ཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ།

ཞེས་གཏོར་སྣོད་ནང་དུ་འབྲུ་འཐོར། ནང་མཆོད་ཁེབས་བསལ། མཆོད་པར་ཆབ་བྲན་ལ་

ཨཱོྃ་ཧཱུྃ་ཏཱཾ་ཧྲཱིཿཨཱཿ

ལྷ་རྫས་དང་ཏིང་ངེ་འཛིན་ལས་༴

ན་མཿ སརྦ་

སོགས་ལན་གསུམ། ཌཱ་བཅས་

ཨོཾ་ཨཱཿཧཱུྃཿ ཕྱི་ནང་སྣོད་བཅུད་༴

མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བྷ་ལིངྟ་ཁཱ་ཧིཿ

ཞེས་བད་སྐོར་བཅས་གཡོན་སྲིན་ལག་གིས་ནང་མཆོད་འཐོར་ཞིང་རཀྟ་དང་བྷ་ལིང་གི་རྒྱ་བཅས་མཐར་སེ་གོལ། ནང་མཆོད་ཁ་བཅད། ལྷུག་འདོན་གྱིས་

ཧྲཱིཿ མ་བཅོས་སྤྲོས་བྲལ་༴

ཧཱུྃཿ རིག་འཛིན་འདུས་པའི་༴

ཨཱོྂ འདིར་ནི་རྟེན་དང་༴

ཧོཿ ཆུ་ལས་ཆུ་བུཪ་༴

ཧོཿ དུས་གསུམ་གསགས་པའི་༴

ཌཱ་བཅས་

ཧོཿ རིག་འཛིན་བརྒྱུད་པའི་༴

སངས་རྒྱས་བསྟན་པ་དར་ཞིང་༴

ཀུན་བཟང་རྡོ་རྗེ་འཆང་ཆེན་༴

དཔལ་རིའི་སྨོན་ལམ་སོགས་ཀྱིས་དགོང་ཐུན་གྲོལ།

དེ་ཡང་མཚམས་བསྙེན་སྒྲུབ་སྐབས་ཚོགས་མཆོད་བྱ་བའི་ཚེ། ཚོགས་ཕུད་རིམ་པ་གསུམ་དང་མཆོད་གཏོར་གསེར་སྐྱེམས་སོགས་འབུལ་བ་ན་ཡང་ཁྱོག་ནས་འབུལ་མི་དགོས་པར་དཀར་བགེགས་ཆད་བསྟན་གསེར་སྐྱེམས་རྣམས་སོ་སོའི་ཚིག་མཐར་རང་གི་ཉེ་ལོགས་སྣོད་ཅིག་འཇོག་ལ་དེར་བླུགས། མཐར་ཐུན་མཚམས་གྲོལ་སྐབས་ལྷག་མ་ནི་བཙོན་འཟུང་བྱས་པས་ཚོགས་ཕུད་གསུམ་པོ་ཉེ་ལོགས་སྣོད་དེར་བླུགས་ནས་སྒྲུབ་ཁང་ནང་ལོགས་ཀྱི་ཟུར་དུ་སྣོད་གཞོང་ཆེན་པོའི་ནང་འདོར་རོ།

 

སྒྲུབ་པའི་སྐབས་སུ་བབ་པ་ན།

གཞུང་གི་ཐུན་བཞིའི་འདོན་ཚུལ་གོང་གི་ཇི་ལྟ་བ་ལས་བཟླས་པར་ཐུག་པ་ན།

ཧྲཱིཿ མ་བཅོས་སྤྲོས་བྲལ་

སོགས་ནས།

ཕྱག་འཆོལ་བསྟོདཿ

སྣང་སྲིད་ཟིལ་གནོན་༴

ཆེན་པོཪ་སྦྱོརཿ

ཐུགས་ཀར་པདྨ་༴

ཕྲེང་བ་བྱིན་བརླབ། སིདྡྷི་བརྒྱ་རྩ་ཙམ་བཟླས་ནས།

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔

ཞེས་བཟླ་ཞིང་སྒྲུབ་སྔགས་གྲངས་བཟུང་། ལྷ་ལ་གསལ་སྣང་ཐོན་པ་ན།

ཐུགས་ཀའི་སྔགས་ཕྲེང་

སོགས་ནས། ཡང་མ་ཧཱ་གུ་རུ་གྲངས་གཟུང་།

དེ་ནས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་སོགས་སྤྱི་འགྲོས་ལྟར།

སྒྲུབ་པའི་སྐབས་སུ་ཉིན་རེ་བཞིན་སྲོད་ཐུན་གྱི་མཐར་ཚོགས་མཆོད་འབུལ་དགོས་སོ། །

དེ་ལྟར་རིག་འདུས་ཟླ་བ་གསུམ་མམ་བཞི་ཙམ་གྱི་ཁོངས་སུ་སིདྡྷི་དང་། མ་ཧཱ་གུ་རུ་ཁ་སྐོང་བཅས་འབུམ་ཕྲག་བཅུ་གསུམ་རེ་གྲངས་ཚད་ཐེམས་པར་བྱས་ནས།

མཐར་ཞག་བདུན་གྱི་བར་རིག་འཛིན་ཚེ་སྒྲུབ་བྱ་བ་ནི།

ཉེ་ལོགས་ཅི་བདེ་བར་འབྲུ་ཚོམ་ལྔ་བཀོད་པའི་ཁར་ཚེའི་བུམ་པ་མགུལ་ཆིངས་དམར་པོ། གཡས་སུ་ཚེ་རིལ། རྒྱབ་ཏུ་ཚེ་མདའ། གཡོན་དུ་ཚེ་ཆང་། མདུན་དུ་ཚེ་གཏོར། མཐར་མཆོད་པས་བསྐོར་བར་བྱས།

བདག་དང་སྒྲུབ་རྟེན་དབྱེར་མེད་ཨ་ཏིའི་རྣལ་འབྱོར་གྱི་ངེས་པས་རིག་འདུས་ཀྱི་ལས་གཞུང་བསྲང་ལ། བསྟོད་པའི་བར་བྱ་ཞིང་། དེ་ནས།

ཧྲཱིཿ་ཚེ་དབང་རིག་འཛིན་༴

ཐུགས་ཀའི་ཡེ་ཤེས་སེམས་དཔའ་༴

རྫོགས་པར་གྱུར།

ཅེས་དམིགས་པ་རྩེ་གཅིག་ཏུ་བཞུར་ནས། ཕྲེང་བ་བྱིན་བརླབ།

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ནསོགས་ཚེ་བསྙེན་ཅི་ནུས་བཟླ།

སྔགས་ཕྲེང་རྣམས་ལས་༴

སྒྲོགས་པར་བསམ།

ཡང་ཚེ་བསྙེན་ཅི་ནུས་བཟླ།

ཐུན་མཇུག་ཏུ་ཧྲཱིཿཅི་རིགས་བཟླས་མཐར།

ནད་གདོན་འཇིགས་བརྒྱད་

སོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་དང་། མཆོད་བསྟོད་ཡིག་བརྒྱའི་རྗེས།

བདག་བསྐྱེད་ཀྱི་ཐུགས་ཀ་ནས་

སོགས་ནས།

ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་བདག་དང་ཚེ་རྫས་རྣམས་ལ་ཐིམ་པའི་མོས་པ་མཛོད།

ཚེ་མདའ་གཡབ་ཅིང་། བཞི་ཆོད་ཀྱིས་

ཨཱོྂཿ རང་སྣང་ཟངས་མདོག་

སོགས་ནས།

ཚེ་བྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཧཱུྂཿ

ཧྲཱིཿ ལྷ་དང་རིག་འཛིན་༴

ཚེ་གཟུངས་བཟླ།

ཚེ་དབང་དུ་གྱུར་ཅིག་༴

ཨཱཿ འབྱུང་ལྔའི་དབྱིངས་སུ་༴

བཛྲ་རཀྵཿ

ཞེས་ཚེ་མདའ་རང་གི་སྤྱི་བོར་རྒྱ་གྲམ་གྱིས་རྒྱས་གཏབ།

སྟོན་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག

སྐྱོབ་པ་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག

འདྲེན་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག

སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག

སོགས་ཤིས་བརྗོད།

ཧཱུྃཿ རིག་འཛིན་འདུས་པའི་༴

སོགས་ནོངས་བཤགས་ནས། བཀྲ་ཤིས་བར་དང་།

སངས་རྒྱས་བསྟན་པ་༴

ཀུན་བཟང་རྡོ་རྗེ་༴

བསྟན་པའི་དཔལ་གྱུར་

སོགས་ཀྱིས་གྲོལ་བ་བཅས་ཐུན་བཞིའི་འདོན་ཚུལ་གོང་བཞིན། ལྕོགས་ན་སྲོད་ཐུན་མཐར་ཆོགས་མཆོད་འབུལ་བར་བྱའོ།

༈ རིག་འཛིན་འདུས་པའི་བསྙེན་སྒྲུབ་གྲོལ་སྐབས་དངོས་གྲུབ་བླང་ཚུལ་ནི།

བསྙེན་སྒྲུབ་ལ་རྟགས་ཐོན་པའམ་གྲངས་ཚད་རྫོགས་ནས་སྒྲུབ་བ་ཐོན་པ་ན་བྱ་སྟེ། ཐོ་རངས་དངོས་གྲུབ་བླང་བའི་སྔར་ཉིན་གྱི་ཕྱི་ཐུན་མཇུག་ཏུ་དངོས་གྲུབ་ཀྱི་རྫས།

རྡོ་རྗེ་ཚེ་སྟེ་ཟན། ཛཀྟིའམ་མཱཾ་ས་སྟེ་ཤ ཛ་གད་དམ་དཔའ་བྱེད་དེ་ཆང་། འཇམ་དེས་སམ་ཟླ་བ་དཀར་བ་སྟེ་མར། ཟླ་རྒྱས་ཏེ་ཞོ་དང་འཁུར་བ། ཟླ་ཕྲོམ་སྟེ་ཐུད་དང་ཟླུམ། གལ་སྐྱེས་ཏེ་སྤོད་སྣ་ཚོགས་ཀྱི་གཡོས། བྲན་མོ་སྟེ་ཚོད་མ། གཡོན་ཅན་ཏེ་སྒོག་པ། ཀུན་ཏུ་རྒྱུ་སྟེ་ཚྭ། ཚེ་ཁྲིད་དེ་སྐྱུར་ལོ། ཤམ་མོ་སྟེ་སིང་པོ་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་ཚོགས་ཚད་གསར་དུའང་འདུ་བྱ།

མཆོད་བ་རྙིང་པ་ཁ་གསོ་ཞིང་གསར་པ་བཤམས་ལ། སྲོད་ཐུན་དུ་ལས་གཞུང་བསྲང་ནས་བསྟོད་པའི་མཇུག་ཏུ།

ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ

ཞེས་འཛབ་ཁང་དབྱེ་ནས་བདག་བསྐྱེད་ལས་ཡེ་ཤེས་པ་མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་བསམ།

བདག་མདུན་གཉིས་ཀར་ཡེ་ཤེས་སེམས་དཔའ་སྒོམ་ཞིང་།

སྣང་སྲིད་ཟིལ་གནོན་

སོགས་ནས།

ཆེན་པོར་སྦྱོརཿ

ཐུགས་ཀར་པདྨ་༴

སིདྡྷི་དང་མ་ཧཱ་གུ་རུ་འོས་ཙམ་རེ་བཟླ།

ཐུགས་ཀའི་སྔགས་ཕྲེང་

སོགས་ནས། ཡང་མ་ཧཱ་གུ་རུ་ཅི་རིགས་དང་།

ཧྲཱིཿ ཚེ་དབང་རིག་འཛིན་༴

ཐུགས་ཀའི་ཡེ་ཤེས་

སོགས་ནས་ཚེ་བསྙེན་ཅི་ནུས་དང་། ཧྲཱིཿཅི་རིགས་བཟླས་

མཐར། འདིར་དངོས་གྲུབ་སྒྲུབ་པའི་སྔགས།

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃཿ

ཞེས་གཙོ་བོར་བྱས་ནས་བཟླ། དེ་དུས་དངོས་གྲུབ་བསྡུ་དམིགས་ནི་བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་སྤྲོས་ཏེ་མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སླར་ཡང་མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་སྟེ་བདག་བསྐྱེད་ཀྱི་གནས་གསུམ་དང་། དངོས་གྲུབ་ཀྱི་རྫས་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། རྫས་རྣམས་ཀྱང་ཡེ་ཤེས་ཀྱི་རང་བཞིན་ཟོས་པ་ཙམ་གྱིས་གྲོལ་ནུས་པའི་བདག་ཉིད་དུ་གྱུར་བར་བསམ། མཐའ་བསྙེན་མཇུག་གི་མཆོད་བསྟོད་ཡིག་བརྒྱའི་རྗེས།

བདག་མདུན་གྱི་ཐུགས་ཀ་ནས་

སོགས་ནས།

ཨཱོྃ། རང་སྣང་ཟངས་མདོག་

སོགས་རྒྱས་གདབ་ཤིས་བརྗོད།

ཨོ་རྒྱན་རིན་པོ་ཆེ་ལ་༴

བཤགས་པ་ཚོགས་མཆོད་སོགས་སྔར་བཞིན། གཏང་རག་མཆོད་བསྟོད་ཀྱི་རྗེས།

བཛྲ་ས་མ་ཡ་ཛཿ

བཏགས་པའི་ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་ཀྱིས་བཤགས། དེ་ནས་བཞི་ཆོད་ཀྱིས་

ཧོཿ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ

བསྙེན་ཅིང་སྒྲུབ་པའི་༴

དངོས་གྲུབ་བསྐུལ་སྔགས་

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་

སོགས་འཛབ་དབྱངས་ཉེར་གཅིག་གིས་དངོས་གྲུབ་ཞུ་བའི་སྙན་གསན་དབབ།

ཧཱུྃ རིག་འཛིན་འདུས་པའི་

སོགས་ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བཅས་རྒྱུན་འདོན་ལྟར་གྱིས་གྲུབ་གོ། །

ཉིན་ཕྱི་མའི་ནངས་པར་ཐོ་རངས་ནི་རིག་པ་དྭངས་སྙིགས་ཕྱེ་བའི་དུས་ཡིན་པས་ཉམས་ལེན་ལ་བོགས་ཐོན་པ་དང་། སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་པའི་དུས་གནད་ཁྱད་པར་ཅན་ཡིན་པས་སྐྱ་རེངས་མ་ཤར་ཙམ་ནས། སྒྲུབ་ཐབས་ཀྱི་གཞུང་བསྲང་ནས། བསྟོད་པའི་མཇུག་ཏུ།

ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ

ཞེས་འཛབ་ཁ་དབྱེ་ནས་བདག་བསྐྱེད་ལས་ཡེ་ཤེས་པ་མདུན་གྱི་ནམ་མཁར་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་བསམ།

བདོག་མདུན་གཉིས་ཀར་ཡེ་ཤེས་སེམས་དཔའ་སྒོམ་ཞིང་།

སྣང་སྲིད་ཟིལ་གནོན་

སོགས་ནས།

ཆེན་པོར་སྦྱོརཿ

ཐུགས་ཀར་པདྨ་༴

ཕྲེང་བ་བྱིན་བརླབ། སིདྡྷི་དང་མ་ཧཱ་གུ་རུ་འོས་ཙམ་རེ་བཟླ།

ཐུགས་ཀའི་སྔགས་ཕྲེང་སོགས་ནས། 

ཡང་མ་ཧཱ་གུ་རུ་ཅི་རིགས་དང་།

ཧྲཱིཿ ཚེ་དབང་རིག་འཛིན་༴

ཐུགས་ཀའི་ཡེ་ཤེས་

སོགས་ནས་ཚེ་བསྙེན་ཅི་ནུས་དང་། ཧྲཱིཿཅི་རིགས་བཟླས་མཐར།

ནད་གདོན་འཇིགས་བརྒྱད་

སོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། ནང་མཆོད་ཁེབས་བསལ་ལ། ཌཱ་བཅས་

སྟོང་པའི་ཡེ་ཤེས་༴

ནང་མཆོད་ཁ་བཅད།

ཧྲཱིཿ མ་བཅོས་སྤྲོས་ཟལ་༴

ཕྱག་འཚལ་བསྟོདཿ

ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ། 

བདག་མདུན་གྱི་ཐུགས་ཀ་ནས་

སོགས་ནས། ཚེ་མདའ་གཡབ་ཅིང་།

ཨཱཿ རང་སྣང་ཟངས་མདོག་

སོགས་རྒྱས་གདབ་ཤིས་བརྗོད།

ཨོ་རྒྱན་རིན་པོ་ཆེ་ལ་༴

ཚོགས་ཀྱི་གཤོམ་སྐབས་གནམ་ཕུད་ཀྱི་ཚོགས་དང་གསེར་སྐྱེམས་ཀྱང་བཤམ། ཚོགས་བསྐང་སྔར་བཞིན་ལས། བསྒྲལ་བའི་མཐར་ནང་མཆོད་བྲན་ལ་འབུལ་ཞིང་ཌཱ་རུ་ཚར་གཅིག་བཅད་ནས། ཡང་ཌཱ་བཅས་

ན་མོཿ བདེ་གཤེགས་སྙིང་པོ་༴

པདྨ་ཀ་མ་༴

ཨོཾཿ ཀུན་བརྟགས་སྣང་བ་༴

ན་མཿ སརྦ་ཏ་ཐཱ་

སོགས་ལན་གསུམ་དང་།

བཛྲ་སྤར་ཎ་ཁཾ།

ཌཱ་ཡོད་མེད་གང་ལྟར་ཡང་བཞི་ཆོད་ཀྱིས།

ཨཱཿ རང་བྱུང་ལྷུན་གྲུབ་༴

ན་མཿ སརྦ་ཏ་ཐཱ

སོགས་ལན་གསུམ་དང་།

བཛྲ་སྥ་ར་ཎ་ཁཾ།

ཌཱ་བཅས་

ཨཱཿ ཆོས་དབྱིངས་ཁྱབ་གདལ་༴

མདོར་ན་རབ་འབྱམས་

སོགས་ནས།།

རྩ་གསུམ་དམ་ཅན་ཌཱཀྐིའི་བླ་རྡོར་འབུལ་ཞེས་སྐབས་གནམ་ཕུད་གསེར་སྐྱེམས་བཅས་མཆོད། 

གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ

ཞེས་ཌཱ་འཁྲོལ། དེ་ནས་ལྷ་དང་འཁོན་ལྕུགས་སྦྱོང་བའི་ཕྱིར།

བཛྲ་ས་མཱ་ཛཿ

ལྷུག་འདོན་གྱིས་

ཧཱུྃ། ཡེ་ཤེས་སྐུ་མཆོག་

སོགས་བརྗོད་མེད་དོན་བཤགས་ཀྱིས་བཟོད་པར་གསོལ་ལ།

བཛྲ་ས་མ་ཡ་ཛཿ

བཏགས་པའི་ཡི་གེ་བརྒྱ་པ་ཉེར་གཅིག་གམ་བརྒྱ་རྩ་སོགས་ལོང་ཁྱབ་དང་བསྟུན་ནས་བཟླས་ཏེ་བྲོ་བཤགས་བྱ།

དེ་ནས་དངོས་གྲུབ་ཀྱི་རྫས་རྣམས་ལ་དངོས་གྲུབ་བསྡུ་བ་དང་། ཐུགས་དམ་བསྐུལ་བའི་དམིགས་འདུན་དང་བཅས།

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃ

ཞེས་རྒྱའམ་ཉེར་གཅིག་བཟླ། ཌཱ་བཅས་བཞི་ཆོད་ཀྱིས།

ཧྲཱིཿ སྣོད་བཅུད་སྤྲུལ་པའི་

སོགས་ནས།

གནས་འདིར་མ་འདུག་༴

རྡོ་རྗེས་གཞོམ་

ཞེས་ཌཱ་བཅད་ནས། ཧཱུྂ་བཞི་དང་དྲག་སྔགས་སོ་ལྔས་སྒྲུབ་རྫས་རྣམས་ལ་ཐུན་བྲབ་ཅིང་ཌཱ་འཁྲོལ། གུ་གུལ་བདུག བགེགས་བསྐྲད་ཅིང་།

ཧྲཱིཿ སྣང་སྲིད་དག་པ་

སོགས་ཀྱིས་སྲུང་འཁོར་བསྒོམ། དེ་ནས་ཚིག་འདུན་སྤྱན་འདྲེན་ལན་གསུམ།

ཧཱུྂ བཞེངས་ཤིག་པདྨ་༴

ཌཱ་བཅས་བཞི་ཆོད་ཀྱིས།

ཧཱུྃཿ སྤྲོས་བྲལ་ཆོས་སྐུའི་

སོགས་བྱིན་འབེབས་མཐར། ཚེ་མདའ་གཡབ་ཅིང་།

ཨཱོཾ། རང་སྣང་ཟངས་མདོག་

སོགས་དང་།

ཧྲཱིཿ ལྷ་དང་རིག་འཛིན་༴

ཚེ་གཟུངས་བཟླ།

ཚེ་དབང་དུ་གྱུར་ཅིག་

སོགས་ཚེ་འགུགས་མཐར། ལས་གཞུང་གི་དངོས་གྲུབ་བསྐུལ་བ། བཞི་ཚོད་དལ་བུས་

ཧོཿ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ

བསྙེན་ཅིང་སྒྲུབ་པའི༴

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་

སོགས་འཛབ་དབྱངས་བཟླ་བཞིན་སྒྲུབ་གཏོར་དང་དངོས་གྲུབ་ཀྱི་རྫས་རྣམས་གནས་གསུམ་དུ་གཏུག་ལ། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་པ་སྙིང་གའི་ཐིག་ལེ་ལ་འདུས་པས་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བསམ་བཞིན་དངོས་གྲུབ་ཀྱི་རྫས་ལ་ལྟོ་འགྲང་ཞིང་ཚིམ་པར་རོལ། ཚེ་བུམ་ཆུ་དང་ཚེ་ཆང་ཚེ་རིལ་ཚེ་མདའ་རྣམས་ཀྱང་གཏུགས་ཤིང་མྱང་ལ།

ཨཱཿ འབྱུང་ལྔའི་དབྱིངས་སུ་

སོགས་ཀྱིས་ཚེ་མདའ་རང་གི་སྦྱི་བོར་རྒྱ་གྲམ་གྱིས་རྒྱས་བཏབ།

སྟོན་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག

སྐྱོབ་པ་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག

འདྲེན་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག

སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག

ཨཱོྃ་ཧཱུྃ་ཏཱཾ་ཧྲཱིཿཨཱཿ

ལྷ་རྫས་དང་ཏིང་ངེ་འཛིན་ལས་

སོགས་གཏང་རག་གི་མཆོད་བསྟོད་བསྡུས་པ་བྱ་ཞིང་ཡིག་བརྒྱ་བརྗོད། དེ་ནས་ཚོགས་ཀྱི་དྲང་བ་བླང་། རང་དང་སྔགས་གཡོག་ལྟ་བུ་ཉི་ཚེའི་ཚེ་ན། དངོས་གྲུབ་ཀྱི་རྫས་སོགས་སྒྲུབ་རྫས་རྣམས་དམ་ཚིག་གཙང་བའི་སྔགས་གཡོག་གམ་སྒྲུབ་གཡོག་པ་ལྟ་བུ་ལས་གཞན་ལ་མི་སྦྱིན།

གཞན་དུ་ན་སྒྲུབ་གཏོར་དང་དངོས་གྲུབ་ཀྱི་རྫས་སོགས་ཆ་ལྔར་བགོས་ཏེ། ཆ་གཅིག་རང་གི་བླ་མ་ལ། ཆ་གཅིག་སྒྲུབ་པོ་རང་ཉིད་ལ། ཆ་གཅིག་གྲོགས་མཆེད་རྣམས་ལ། ཆ་གཅིག་སྦྱིན་བསྲེག་དང་དེའི་ཕྱེད་ཆ་མི་ཟད་གཏེར་གྱི་བུམ་བར་བླུགས་ནས་ཕྱིས་སུ་སྒྲུབ་པའི་དཀྱིལ་འཁོར་གྱི་འོག་གམ་བྱང་ཕྱོགས་སུ་སའི་འོག་ཏུ་སྦ། ཆ་གཅིག་དངོས་གྲུབ་ཀྱི་རྫས་མ་གཏོགས་པ་ཆོས་སྐྱོང་རྣམས་ཀྱི་གཏོར་མ་དང་མཉམ་དུ་འབུལ་རྒྱུར་བཞག་གོ། །

བསྙེན་སྒྲུབ་ཁ་སྐོང་དུ་རིག་འཛིན་ཞི་བའི་སྦྱིན་བསྲེག་ཡེ་ཤེས་མེ་ལྕེའི་སྒོ་ནས་བསྲེག་རྫས་རྣམས་རྩ་སྔགས་ཁོ་ནས་ཕུལ། དེ་མ་ཐུབ་ན་ཞག་བདུན་སོགས་སུ་ཡི་གེ་བརྒྱ་པ་ཅི་མང་བཟླས་ན་ལྷ་གཟི་བྱིན་བསྐྱེད་པ་དང་སྦྱིན་བསྲེག་མ་བྱས་པའི་ཉེས་པ་ཁེགས་པས་གལ་ཆེ་གསུངས།

 

དེ་ནས་ལྷག་མ་མན་ཆད་གཞུང་ལྟར་བྱ་ཞིང་། ལྷག་མ་བཙོན་དུ་བཟུང་བ་ཐམས་ཅད་ཀྱང་དེ་དུས་ཕྱི་རོལ་དུ་ཁྱེར་ནས་གཏོར་སྣོད་ཁ་ནང་བསྟན་དུ་སྤུངས། དེ་ཡང་མི་གཏོར་བར་སྤུང་ངེར་བླུགས། སྣོད་ཀྱང་བཤལ་ནས་དེ་ཕྱོགས་མཆོད། བསྐུལ་བ། རྒྱུན་བཞག་གི་ཆད་ཐོ་དང་། བསྟན་མ་གཤེགས། རྟ་བྲོ། གསོལ་ཁ་རྒྱས་པར་མཆོད་དེ་རྒྱུན་བཞག་གི་བཀའ་སྲུང་གཏོར་མ་རྣམས་ཡང་ཐོག་སོགས་གཙང་སར་གཤེགས། གསོལ་ཁའི་གཏོར་མ་འདབ་ཆགས་ཁོ་ནའི་སྤྱོད་ཡུལ་ལས་ཁྱིས་མི་ཟ་བར་འབུལ་བར་གནད་ཆེ་གསུང་། དེ་ཡང་རྒྱུན་བཞག་གི་ཆད་བསྟན་དང་བཀའ་སྲུང་གཏོར་མ་རྣམས་སྒྲུབ་པ་ཕྱི་མའི་ཆེད་དུ་འཇོག་པའམ། གསར་བཞེངས་ནུས་ན་སྐབས་འདིར་མཆོད་གཤེགས་བྱ་བ་ཡིན། གཏང་རག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས།

ཧོཿ ཆུ་ལས་ཆུ་བུར་སོགས་ཀྱིས་བདག་བསྐྱེད་དམ་ཚིག་གི་འཁོར་ལོ་བསྡུ་ཞིང་གཉུག་མ་ལྷར་ལྡང་། 

དེ་ནས་ཐོ་འགྲོལ་བ་ནི།

སྒྲུབ་པ་པོ་རང་ཉིད་སྒོ་མཚམས་སུ་ནང་ཁོགས་ནས་ཞལ་ཕྱིར་ཕྱོགས་ཏེ། རྒྱལ་ཐོའི་མདུན་དུ་གཏོར་མཆོད་གསེར་སྐྱེམས་བཅས་བཤམས་ལ་ཆབ་བྲན།

རཾ་ཡཾ་ཁཾ་

གིས་བསངས་སྦྱངས།

ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། 

རྒྱལ་པོ་ཆེན་པོ་སྟེ་བཞི་དཔུང་དང་བཅས་པ་བཞུགས་བཞིན་པ་རྣམས་མངོན་སུམ་ལྟ་བུར་མདུན་དུ་འཁོད་པར་བསམ་ལ།

ཨཱོཾ་དྷྲྀ་ཏ་རསྟྲ་ཧཱུྃ་ཛཿ ཨཱོཾ་བེ་རུ་དྷ་ཀ་ཧཱུྃ་ཛཿ  ཨཱོཾ་བེ་རུ་བཱཀྵ་ཧཱུྃ་ཛཿ  ཨཱོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱས་མཆོད།

ཨཱོཾ་དྷྲྀ་ཏ་རསྟྲ་ཧཱུྃ་ཛཿ ཨཱོཾ་བེ་རུ་དྷ་ཀ་ཧཱུྃ་ཛཿ  ཨཱོཾ་བེ་རུ་བཱཀྵ་ཧཱུྃ་ཛཿ  ཨཱོཾ་བཻ་ཤྲ་མ་ཎ་ཧཱུྃ་ཛཿ

ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭ་ཏ་ཨཱོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ

སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། ལྷུག་འདོན་གྱིས།

མ་རྙེད་ཡོངས་སུ་མ་ཚང་དང་། །

གང་ཡང་ནུས་པ་མ་མཆིས་པ། །

འདིར་ནི་བགྱི་བ་གང་ནོངས་པ།

དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །

ཅེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས།

ཨཱོྃ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །

རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །

སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །

སླར་ཡང་འབྱོན་པར་མཛད་དུ་གསོལ། །

བཛྲ་མུཿས་གཙོ་བོ་དང་། 

གཙྪ་གཙྪ་སྭ་བྷཱ་ཝ་ནཾ།

ཞེས་པས་འཁོར་དང་བཅས་པ་རང་རང་གི་གནས་སུ་དགྱེས་བཞིན་གཤེགས་པར་བསམ། བཀྲ་ཤིས་གང་རུང་བརྗོད་ཅིང་མེ་ཏོག་འཐོར། ཐོ་བླང་ལ་དབེན་སར་བཞག མཆོད་གཏོར་སོགས་གཙང་སར་གཤེགས། རང་མལ་དུ་བཞུགས་ཏེ།

ཧོཿ དུས་གསུམ་བསགས་པའི་

སོགས་བསྔོ་སྨོན་མཚམས་སྦྱོར་དང་བཀྲ་ཤིས་བཅས་ཀྱིས་ལེགས་པར་གྲུབ་བོ། །

དེ་ནས་ཞག་གསུམ་གནས་གཞན་དུ་མི་རྒྱུ་ཞིང་རང་མལ་དུ་གཞན་མི་འཇུག་པར་རྗེས་སྲུང་བྱས་ཏེ་རིམ་པས་བླ་མ་དང་མཆེད་གྲོགས་སོགས་ཐོག་མར་དམ་གཙང་དང་འཕྲད་ནས་མཚམས་ལས་སེང་བར་བྱའོ།

འོན་ཏེ་སྒྲུབ་པ་གཞན་མུ་མཐུད་པ་ཡིན་ན་ལྷག་ཆད་ཁ་སྐོང་གི་སྦྱིན་བསྲེག་དང་རྒྱལ་ཐོ་བཀྲོལ་ཆོག་མི་བྱ་བར། སྒྲུབ་བ་ཕྱི་མ་དཔལ་ཆེན་འདུས་པ་ལ་འཇུག་དགོས་པས་དེའི་དཀྱིལ་འཁོར་གྱི་བཅའ་གཤོམ་ཉེར་བསྡོགས་བྱས་ནས། ཐོ་རངས་དངོས་གྲུབ་བླངས་པའི་དགོང་མོའམ། ཉིན་གཅིག་གི་རྗེས་སུ་དབུ་འཛུགས་དགོས་སོ།

 

རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ།

རིག་འཛིན་འདུས་པ།

Further information:

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept