Palchen Düpa Retreat Guide—Tibetan
༄༅། །ཀློང་ཆེན་སྙིང་ཐིག་གི་རྩ་བ་གསུམ་གྱི་བསྙེན་སྒྲུབ་བྱ་བའི་རིམ་པ་གྲུབ་བརྙེས་རིག་འཛིན་གོང་མའི་གཤེགས་ཤུལ་ཞེས་བྱ་བ་བཞུགས། །
གཉིས་པ་ཀློང་སྙིང་ཐུགས་སྒྲུབ་ཡི་དམ་དཔལ་ཆེན་འདུས་པའི་བསྙེན་སྒྲུབ་བྱ་ཚུལ་ལ།
སྦྱོར་དངོས་རྗེས་གསུམ་ལས།
དང་པོ་སྦྱོར་བ་ནི།
སྐབས་འདིར་སྒྲུབ་པ་སྔ་མའི་རྗེས་སུ་སྦྲེལ་ཚེ་གོང་གི་སྦྱོར་བ་རྣམས་མི་དགོས་པར་དཀྱིལ་འཁོར་བཅའ་གཤོམ་ལ།
གནས་དབེན་ཞིང་བཀྲ་ཤིས་པའི་གནས་སུ་རྩ་བ་གསུམ་གྱི་རྟེན་གཏོར་མདུན་དུ་དཔལ་ཆེན་འདུས་པའི་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་རྩིབས་བཅུ་པ་སྒོ་རྫོགས་ཅན་བཤམས་པའམ། མ་ནུས་ན། འཁོར་ལོ་རྩིབས་བཅུ་པ་མུ་ཁྱུད་མེ་རི་དང་བཅས་པ། དེ་ཡང་མ་གྲུབ་ན་ཚོམ་བུ་ལ་བརྟེན་དུ་རུང་ཞིང་ཐོད་པ་དཔལ་ཅན་གྱི་ནང་གཙོ་བོའི་བྲིས་སྐུ་རབ་གནས་དང་ལྡན་པའི་རྒྱབ་ཏུ་། ཙན་དན་ནམ་སེང་ལྡེང་གི་ཕུར་བ་སོར་མོ་བཅུ་གཉིས་པའི་མགུལ་དུ་དར་ནག་ལ་མཚལ་ལམ་གསེར་གྱིས།
ༀ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ༔
ཞེས་སྔགས་བྱང་བྲིས་པ་བཙུགས་པ་དཀྱིལ་འཁོར་གྱི་དབུས་སུ་མཉྫའི་ཁར་བཞག དར་ནག་གི་ལྡིང་གུར་ཕུབ། གཡས་གཡོན་དུ་སྨན་རཀ བསྙེན་སྒྲུབ་ལས་རུང་ལ་དཔལ་གཏོར་ཙམ་ལའང་བརྟེན་དུ་རུང་ངོ་། །
རྒྱུན་བཞག་གི་བཀའ་སྲུང་མཆོད་གཏོར་དང་ཆད་བསྟན་གཏོར་མ། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ་བཀོད་ལེགས་སུ་བཤམ། དཀར་བགེགས་ཆད་བསྟན་གཏོར་མ། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས།
༈ གཉིས་པ་དངོས་གཞི་ལ།
ཐོར་ཐུན་ཆུ་ཚོད་གསུམ་པ་ནས་དྲུག་པའི་ཐར་གྱི་འདོན་རིམ་ནི།
ཐོ་རངས་ལྡང་བའི་རྣལ་འབྱོར་
ཆོས་ཐམས་ཅད་རང་བཞིན་གྱིས་༴
ལུས་གནད་བཅས་ཏེ་རླུང་རོ་དགུ་ཕྲུགས་བསལ་ལ།
ཨཱོཾ་ཨཱཿཧཱུྃ། ལྕེ་དབང་རཾ་ཡིག་སོགས་ངག་བྱིན་བརླབ།
བླ་མ་མཁྱེན།
ལན་གསུམ།
སྙིང་དབུས་དད་པའི་སོགས་ནས།
ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །
ཧཱུྃ༔ ཨོ་རྒྱན་ཡུལ་གྱི་
སོགས་གསོལ་འདེབས་རྣམས་གོང་བཞིན་དང་། ལས་བུུམ་སྒྲུབ་པའི་མཐར།
ཀུན་བཟང་ཡབ་ཡུམ༴
རྡོར་དྲིལ་བྱིན་བརླབ།
རང་གི་སྙིང་གའི་ཧཱུྃ་གི༴
ལྷུག་འདོན་གྱིས་
ཧཱུྃཿ བདེ་གཤེགས་ཡོངས་རྫོགས་༴
ལན་གསུམ།
ཧཱུྃཿ ཆོས་ཀྱི་དབྱིངས་ལ་༴ ལན་གསུམ།
ཧོཿ རྡོ་རྗེ་སློབ་དཔོན་༴
ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རྣམས༴་
དཀར་བགེགས་གཏོར་མ་བསྔོ་ན་བྱིན་བརླབ་སྔོན་འགྲོས། བཞི་ཆོད་ཀྱིས་
གང་དག་འདིར་གནས་སོགས་མཐར་ཌཱ་དྲིལ་འཁྲོལ།
བགེགས་ལ་བཞི་ཚོད་ཀྱིས་ཌཱ་བཅས།
ཧཱུྃཿ ང་ནི་སྤྱི་དཔལ་༴
གཏོར་མ་ལོངས་ལ་ཞེས་སམ།
མེད་ན་
གནས་འདིར་མ་འདུག་ཕྱིར་དེངས་ཤིག་ཅེས་བསྒྱུར།
བཞིན་དུ་བཤིག༔
ཨཱོྃ་བཛྲ་མ་ཧཱ་ཀྲོ་དྷ་༴
ཧཱུྃཿ བདག་ཉིད་ཞེ་སྡང༴
ཧཱུཾཿ མ་རིག་ལིང་ཏོག༴
ནང་མཆོད་ཁེབས་བསལ་ལ། ཌཱ་བཅས་
ཧཱུྃ༔ དཔལ་ཆེན་འདུས་པའི་
སོགས་ཌཱ་རུ་ཚར་གཅིག་བཅད་ནས། ཡང་ཌཱ་བཅས་
ཧཱུྃཿ དབྱིངས་ནས་ཡེ་ཤེས་༴
ཨོཾ་ཨཱཿཧཱུྃ་སརྦ་པཉྩ་
སོགས་ལན་གསུམ་རེ་བྱ། ལྷུག་འདོན་གྱིས་
ཧཱུྃཿ རང་བྱུང་རིག་པ་༴
བཅད་འདོན་གྱིས་
ཧཱུཾཿ རང་ལས་ཤར་བའི་༴
ཌཱ་བཅས་
ཧཱུྃཿ འོག་མིན་ཆོས་དབྱིངས་༴
ཧཱུྃཿ མ་དག་སྣང་བ་༴
ཧཱུྃཿ རང་བྱུང་རང་ཤར༴་
ཧཱུྂཿ སྒེག་དཔའ་འཇིགས་རུང་༴
ཧཱུྃཿ དགའ་བ་བཅུ་དྲུག༴
ཌཱ་བཅས་
ཧཱུྃཿ ཉེར་སྤྱོད་ལྔ་དང་༴
ཧཱུྃ༔ འདོད་ཆགས་ཁྲག་ཆེན།༴
རྡོ་རྗེའི་དམ་ཚིག༴
ཧཱུྃཿ བྷ་ག་ཡངས་པའི་༴
ཧཱུྃཿ ལྕང་ལོར་བཅས་པའི་༴
ཧཱུྃཿ ཡབ་དང་ཡུམ་གྱི་༴
ཧཱུྃཿ རྡོ་རྗེ་པདྨའི་༴
ནང་མཆོད་ཁ་བཅད།
ཧཱུྃཿ མི་སྡུག་སྲིན་པོའི་༴
ལྷུག་འདོན་གྱིས་
བདག་ཉིད་ཆེ་མཆོག༴
ཨ་ཨཱ་སོགས་དབྱངས་གསལ་རྟེན་སྙིང་ལན་གསུམ།
ཨཱོཾ་རུ་ཙི་པྲ་མར་ཏ་ན་ཡེ་
སོགས་ལན་གསུམ་མཐར།
ཨོཾ་སུ་པྲ་ཏིཥྛ༴
བསྙེན་པ་
ཨཱོཾ་ཨཱཿཧཱུྃཿ
ཞེས་བཟླ་ཞིང་གྲངས་གཟུང་། མཐར་ཐུན་འཇོག་རན་པ་ན་བསྙེན་དམིགས་བཅས་སྔགས་འོག་མ་རྣམས་ཅུང་ཙམ་རེ་བཟླས་ནས་ལྷག་ཆད་ཁ་སྐོང་དང་མཆོད་བསྟོད་སོགས་བྱ།
སྔགས་འོག་མ་རྣམས་བསྙེན་སྐབས་གོང་གི་སྔགས་རྣམས་བརྒྱ་རྩ་ཙམ་རེ་བཏོན་ནས་འོག་མར་འཇུག་དགོས་པ་ཀུན་ལ་འགྲེ།
སྒྲུབ་པར་བབ་པ་ན་
ཡེ་ཤེས་རྒྱལ་པོ༴
འོད་ཟེར་འབར༔
ཨཱོྃ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃཿ
ཞེས་གཙོ་སྔགས་གྲངས་གཟུང་།
ལྷ་ལ་གསལ་སྣང་ཐོན་ཚེ།
རང་རང་སྔགས་ཀྱི་༴
འགོད་པར་གྱུར༔
ཡང་
ཨཱོྃ་གུ་རུ་ཤྲཱི་
སོགས་བཟླ་ཞིང་གྲངས་གཟུང་། བཟླས་པའི་སྐྱོ་ན་སྐབས་མཚམས།
ཧཱུྃཿཧཱུྃཿཧཱུྃཿ
ཞེས་ཅི་རིགས་བཟླ། སྤྱི་དྲིལ་
ལྷ་ཚོགས་ཀུན་ཀྱང་༴
ཨཱོྃ་བཛྲ་ཙཎྜ་༴
ལས་སྦྱོར་
སྐད་ཅིག་གནམ་ལྕགས༴
ཨཱོྃ་ཨཱཿཧཱུྃ་བཛྲ་ཡཀྴ་ཀྲོ་དྷ་
སོགས་བཟླས་པའི་མཐར།
ནད་གདོན་འཇིགས་བརྒྱད༴
ཨ་ཨཱ་སོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ།
ནང་མཆོད་ཁེབས་བསལ་ལ། ཌཱ་བཅས་
ཧཱུྃཿ ཉེར་སྤྱོད་ལྔ་དང༴
བཞི་ཆོད་ཀྱིས་
ཧཱུྃཿ མི་སྡུག་སྲིན་པོའི༴
གར་དགུས་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོད༔
ཆོས་ཉིད་གཅིག་ལ་༴
ནང་མཆོད་ཁ་བཅད།
ཧོཿ སྔགས་ཀྱི་དངོས་གྲུབ་༴
ཨཱོྃ་བཛྲ་ས་ཏྭ་ས་མ་ཡ་༴
ཨཱོྃ། འདིར་ནི་རྟེན་དང་༴
ཧཱུྃཿ སྣོད་བཅུད་ལྷ་དང་༴
སླར་ཡང་རིག་པ་༴
ཨཱོྃ་བཛྲ་ས་ཏྭ་ས་མ་ཡ་༴
ཧཱུྃཿ སྣང་གྲགས་རིག་པ༴་
ལན་གསུམ། ཌཱ་བཅས་
ཧཱུྃཿ གདོད་མའི་མགོན་པོ༴་
སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །
སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །
ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །
རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །
ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས། །
དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱིས། །
འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །
དེ་དག་ཐམས་ཅད་བདག་གི་འགྲུབ་པར་ཤོག །
བསྟན་པའི་དཔལ་གྱུར་བླ་མའི་ཞབས་པའི་བརྟན། །
བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །
བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག
སོགས་ཀྱིས་ཐོར་ཐུན་གྲོལ། ནངས་ཇ་བཞེས།
༈ སྔ་ཐུན་ཆུ་ཚོད་བརྒྱད་པ་ནས་བཅུ་གཅིག་པར་གྱི་འདོན་རིམ་ནི།
ཧཱུྃཿ ཨོ་རྒྱན་ཡུལ་གྱི་
སོགས་ནས་ལེའུ་བདུན་མ་ཡོངས་རྫོགས་འདོན།
ཀུན་བཟང་ཡབ་ཡུམ་༴
རང་གི་སྙིང་གའི༴་
ཧཱུྃཿ བདེ་གཤེགས་ཡོངས་རྫོགས་
སོགས་སྐྱབས་སེམས། ཚོགས་གསོག བཀའ་བསྐོ། སྲུང་འཁོར། བརྡ་དབྱེ་སོགས། བྱིན་འབེབས། མཆོད་པ་བྱིན་བརླབ། ལྷ་བསྐྱེད། དབང་བསྐུར། སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། མཆོད་པ། བསྟོད་པ། འཛབ་དགོངས་བཅས་སོང་ནས། ཕྲེང་བྱིན་དོར། བསྙེན་སྒྲུབ་རིམ་པར་བཟླ། མཐར་
ནད་གདོན་འཇིགས་བརྒྱད་
སོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། ཌཱ་བཅས་
ཧཱུྃཿ ཉེར་སྤྱོད་ལྔ་དང་
སོགས་མཆོད་པ། བསྟོད་པ། ནོངས་བཤགས། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས།
སངས་རྒྱས་བསྟན་པ་༴
ཀུན་བཟང་རྡོ་རྗེ་༴
བསྟན་པའི་དཔལ་གྱུར་
སོགས་ཀྱིས་སྔ་ཐན་གྲོལ། དགུང་ཚིགས་བཞེས།
༈ ཕྱི་ཐུན་ཆུ་ཚོད་དང་པོ་ནས་བཞི་པའི་བར་གྱི་འདོན་རིམ་ནི།
ཧཱུྃ༔ ཨོ་རྒྱན་ཡུལ་གྱི་སོགས་དང་།
ཀུན་བཟང་ཡབ་ཡུམ་
སོགས་ནས་ཤིས་བརྗོད་མཇུག་བར་གོང་གི་སྔ་ཐུན་ཇི་ལྟ་བ་བཞིན་འདོན་ནས། གསོལ་ཁ་གསུང་བ་བཅས་ཀྱིས་ཕྱི་ཐུན་གྲོལ། དགོང་ཟས་བཞེས་
༈ སྲོད་ཐུན་ཆུ་ཚོད་དྲུག་པ་ནས་དགུ་པའི་བར་གྱི་འདོན་རིམ་ནི།
ཧཱུྃ༔ ཨོ་རྒྱན་ཡུལ་གྱི་
སོགས་སྔ་ཕྱིའི་ཐུན་བཞིན་རིམ་པར་ཤིས་བརྗོད་བར་འདོན་ནས།
སངས་རྒྱས་བསྟན་པ་༴
ཀུན་བཟང་རྡོ་རྗེ༴་
ཨཱོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷིཧཱུྃཿ
རང་བཞིན་རྣམ་དག་༴
དངོས་གྲུབ་རྒྱ་མཚོའི་འབྱུང་གནས་༴
ཀུན་བཟང་སྣང་མཐའ་པད་འབྱུང་མན་ཆད་དང་༴
དྲིན་ཅན་རྩ་བའི་བླ་མའི་ཡན་ཆད་ཀྱིས། །
འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །
དེ་དག་ཐམས་ཅད་དེང་འདིར་འགྲུབ་གྱུར་ཅིག །
ཞབས་བརྟན།
འགྲོ་བའི་སྡུག་བསྔལ་༴
བསྟན་པའི་དཔལ་གྱུར་༴
ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །
བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང། །
མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །
བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །
སོགས་ཀྱིས་དགོང་ཐུན་གྲོལ་ནས་ཉལ་བའི་རྣལ་འབྱོར་ལ་འཇུག་གོ།
༈ །ཚོགས་མཆོད་ནི་སྲོད་ཐུན་གྱི་མཐར་ཡང་མར་གྱི་ཚེས་བཅུའམ་འབྱོར་བས་ལྕོགས་ན་བསྙེན་པའི་དུས་སུའང་ཉིན་རེ་བཞིན་འབུལ་ན་ལེགས་ཤིང་། ལྷག་པར་སྒྲུབ་པའི་སྐབས་སུ་ནི་ཉིན་རེར་མ་ཆག་པར་བྱ་དགོས་པར་གསུངས་པས།
ཐོག་མར་རང་གི་མདུན་དུ་ལག་པས་ལེན་བདེ་བའི་གནས་སུ་ཅོག་ཙེའི་སྟེང་ན་གཡས་སུ་ཐེབ་རྩེ་བཞི་ལས། ཚོགས་ཕུད་དང་པོ་དང་བར་པ་བཤགས་པ་ལ་ཚོགས་རྫས་ཤ་དང་ཤིང་འབྲས་སོགས་ཅི་འབྱོར་དང་བཅད་ཁམ་རེ་བཅས། ཐ་མ་བསྒྲལ་བ་ལ་བཅད་ཁམ་དང་ཤ་དུམ་བཞག་ལ་ཁེབས་ཀྱིས་བཅད། ལྷག་གཏོང་ལའང་ཚོགས་རྫས་བཅད་ཁམ་བཅས་བཤམས། གཡོན་དུ་ཀ་པཱ་ལར་ཆོས་སྨན་ལྡན་པའི་ཚོགས་ཆང་། དཀར་བགེགས་ཆད་བསྟན་བཅས་འཚོགས་པར་བྱས།
ཧཱུྃཿ ཨོ་རྒྱན་ཡུལ་གྱི་
སོགས་ནས། སྐྱབས་སེམས་ཚོགས་ཞིང་བསྡུ་བའི་མཐར། དཀར་གཏོར་བྱིན་བརླབ་དང་
གང་དག་འདིར་གནས་
སོགས་ཀྱིས་དཀར་གཏོར་མཆོད་ཅིང་། བགེགས་གཏོར་བྱིན་བརླབ་དང་བཀའ་བསྒོའི་ཚིག་མཚམས་
གཏོར་མ་ལོངས་ལ་ཕྱིར་དེངས་
སོགས་ཀྱིས་བགེགས་གཏོར་བསྔོ།
མཚམས་གཅོད། བྱིན་འབེབས་རྣམས་དཀྱུས་བཞིན་འདོན། བཟླས་པའི་མཇུག་ཏུ།
ནད་གདོན་འཇིགས་བརྒྱད་༴
ཨ་ཨཱ་སོགས། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། ཌཱ་བཅས་
སྟོང་པའི་ཡེ་ཤེས་༴
ཧཱུྃཿ མི་སྡུག་སྲིན་པོའི་སྐུ་ནི་༴
ལྷ་ལ་བསྟོད༔
ཨོཾ་བཛྲ་ས་ཏྭ་ས་མ་ཡ་༴
ཨོ་རྒྱན་རིན་པོ་ཆེ་ལ་༴
ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད༴
སྒར་འདོན་གྱིས་
ཧཱུྃ། ཡེ་ཤེས་སྐུ་མཆོག་
སོགས་ཡིག་བརྒྱ་ཅི་རིགས་མཐར།
སྨན་ཁེབས་བསལ་ལ། ཌཱ་བཅས་
ཧཱུྃཿ བཀའ་གསང་རྨད་དུ་༴
བཞེས་སུ་གསོལ
ནང་མཆོད་འཐོར།
ཨོཾ་བཛྲ་ས་ཏྭ་ས་མ་ཡ་༴
ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས། །
མ་འབད་བཞིན་དུ་སྐུ་གསུམ་མངོན་གྱུར་ཏེ། །
ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །
ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །
བཞི་ཆོད་ཀྱིས་
ཧཱུྃཿ དཔལ་ཆེན་ཐུགས་ལས་༴
ཌཱ་བཅས་
ཧཱུྃཿ འོག་མིན་ཆོས་དབྱིངས་༴
མཐར་ཌཱ་རུ་ཚར་གཅིག་བཅད་ནས། ཡང་ཌཱ་བཅས་
ཧཱུྃཿ སངས་རྒྱས་དམ་ཚིག
ཧཱུྃཿ གང་ཞིག་འཁྲུལ་པར་༴
ན་མོ་དཀོན་མཆོག་གསུམ་དང་༴
ལན་གསུམ།
ཛཿཧཱུྃ་བཾ་ཧོཿ
ཨེ་ལས་ཐར་མེད་༴
ཌཱ་རུ་འཁྲོལ།
ན་མཿསརྦ་ཏ་ཐྰ་༴
ལན་གསུམ།
བཛྲ་སྥ་ར་ཎ་ཁཾ།
ཌཱ་བཅས་
ཧཱུཾ། ཆོས་དབྱིངས་ཀུན་ཁྱབ་
སོགས་མཐར་ཡིག་བརྒྱ་བརྗོད།
ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ།
ཨ་ལ་ལ་ཧོཿ
ཧོཿ བདག་ལས་ཕུང་ཁམས་
ཨེ་མ་ཧོ། མཚོ་དབུས་གེ་སར་༴
ཨོ་རྒྱན་རིན་པོ་ཆེ་ལ་
དུས་གསུམ་སངས་རྒྱས་༴
ཚོགས་ལ་རོལ་མཐར།
ཧཱུཾ། ཧེ་རུ་ཀ་དཔལ་༴
ཨཱོྃ་ཨ་ཀཱ་རོ་༴
ཌཱ་བཅས་
ཀྱཻཿ དང་པོ་ཕུད་ཀྱིས་༴
ཚོགས་མཆོད་ཕུལ་བའི་༴
ན་མོ་དཀོན་མཆོག་གསུམ་དང་༴
ལན་གསུམ།
ཛཿཧཱུྃ་བཾ་ཧོཿ
ཧཱུྃཿ མི་གནས་ཡེ་ཤེས་༴
གཏོར་མ་ཡེ་ཤེས་ཀྱི་༴
ཌཱ་བཅས་
ཧཱུྃཿ དུས་གསུམ་རྣམ་དག་༴
བཤལ་ཆུ་ཡེ་ཤེས་ཀྱི་༴
ཌཱ་བཅས་
བྷྱོཿ༔ ཚོགས་དང་བཀའ་ཡི་༴
ན་མོ་དཀོན་མཆོག་གསུམ་དང་༴
ལན་གཅིག
ཛཿཧཱུྃ་བཾ་ཧོཿ
ཌཱ་བཅས་
ཧཱུྃཿ དམ་སྲི་བྱ་བའི་༴
བདག་ཅག་དཔོན་སློབ་༴
ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ
ལྷ་རྫས་དང་༴
ན་མཿསརྦ་ཏ་ཐཱ་
ལན་གསུམ། ཌཱ་བཅས་
ཧཱུྃཿ ཉེར་སྤྱོད་ལྔ་དང་ཿ
མ་ཧཱ་པཉྩ་ཨ་མྲྀ་ཏ༴
ལྷུག་འདོན་གྱིས་
ཧཱུྃཿ མི་སྡུག་སྲིན་པོའི་༴
ཧོཿ སྔགས་ཀྱི་དངོས་གྲུབ་
སོགས་ནས་ཤིས་བརྗོད་བར་དང་།
སངས་རྒྱས་བསྟན་པ་༴
ཀུན་བཟང་རྡོ་རྗེ་
དཔལ་རིའི་སྨོན་ལམ་སོགས་ཀྱིས་དགོང་ཐུན་གྲོལ།
༈ བསྙེན་པ་དང་སྒྲུབ་པ་གཉིས་གྲངས་རྫོགས་ནས། ལས་སྦྱོར་བཟླས་པའི་སྐབས་སྤྲོ་ན་དྲང་སྲོང་དམོད་པའི་ཐལ་བརྡེབ་ཀྱང་བྱ་བར་གསུངས་བས་ཐུན་རེ་རེའི་མཐར།
བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག
སྲིད་པ་སྤྱི་ནས་བཤིག་ཅིག
སྲིད་གསུམ་རྨང་ནས་སྒྱེལ་ཅིག
འཁོར་བ་གཏིང་ནས་ཕྱུངས་ཤིག
བསྐལ་པའི་མེས་སྲེགས་ཤིག
དམ་ཚིག་དམོད་པས་སྡིགས་ཤིག
བཀའ་ཡི་ཆད་པ་ཆོད་ཅིག
གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག
སུམྦྷ་ནིས་ནོན་ཅིག
སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག
གནོད་བྱེད་ཤ་ཏྲུཾ་མཱ་ར་ཡ་རྦད།
སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག
བཀའ་བསྒོ་འདི་ཡི་ནུས་པ་ཡིས། །
ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །
གནོད་བྱེད་དེ་རུ་གནས་མི་འགྱུར། །
དྲང་སྲོང་དམོད་པས་བཟློག་ཏུ་གསོལ། །
ཞེས་ཐལ་མོ་ལན་གསུམ་བརྡེབ། དེ་ནས་
ནད་གདོན་འཇིགས་བརྒྱད་
སོགས་མཆོད་བསྟོད་སོགས་དཀྱུས་བཞིན་ནོ། །
དེ་ལྟར་དཔལ་འདུས་ལོ་གཅིག་གམ། ལོ་གཅིག་དང་ཟླ་བ་གསུམ་ཙམ་གྱི་ཁོངས་སུ་འབྲུ་གསུམ་འབུམ་ཕྲག་སུམ་བརྒྱ། གུ་རུ་ཤྲཱི་འབུམ་ཕྲག་བཅོ་ལྔ། ཧཱུྃ་བསྙེན་ཅི་རིགས། བཛྲ་ཙཎྜ་གཅིག་འབུམ་ལྔ་ཁྲི། ལས་སྦྱོར་ཞག་བདུན་བཅས་གྲངས་ཚད་ཐེམས་པར་བྱས་ནས།
༈ གསུམ་པ་རྗེས་ཀྱི་བྱ་བ་དངོས་གྲུབ་བླང་ཚུལ་ནི།
ཐོ་རངས་དངོས་གྲུབ་བླང་བའི་སྔར་ཉིན་གྱི་ཕྱི་ཐུན་མཇུག་ཏུ་དངོས་གྲུབ་ཀྱི་རྫས།
རྡོ་རྗེ་ཚེ་སྟེ་ཟན། ཛཀྟིའམ་མཱཾ་ས་སྟེ་ཤ ཛ་གད་དམ་དཔའ་བྱེད་དེ་ཆང་། འཇམ་དེས་སམ་ཟླ་བ་དཀར་བ་སྟེ་མར། ཟླ་རྒྱས་ཏེ་ཞོ་དང་འཁུར་བ། ཟླ་ཕྲོམ་སྟེ་ཐུད་དང་ཟླུམ། གལ་སྐྱེས་ཏེ་སྤོད་སྣ་ཚོགས་ཀྱི་གཡོས། བྲན་མོ་སྟེ་ཚོད་མ། གཡོན་ཅན་ཏེ་སྒོག་པ། ཀུན་ཏུ་རྒྱུ་སྟེ་ཚྭ། ཚེ་ཁྲིད་དེ་སྐྱུར་ལོ། ཤམ་མོ་སྟེ་སིང་པོ་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་ཚོགས་ཚད་གསར་དུའང་འདུ་བྱ།
མཆོད་བ་རྙིང་པ་ཁ་གསོ་ཞིང་གསར་པ་བཤམས་ལ། སྲོད་ཐུན་དུ་ལས་གཞུང་བསྲང་ནས་བསྟོད་པའི་མཇུག་ཏུ།
བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ
ཞེས་འཛབ་ཁ་དབྱེ་ནས།
བདག་ཉིད་ཆེ་མཆོག་
སོགས་བསྙེན་པ། སྒྲུབ་པ། ལས་སྦྱོར། དྲང་སྲོང་དམོད་པའི་ཐལ་བརྡེབ་བཅས་སོང་ནས། འདིར་དངོས་གྲུབ་སྒྲུབ་པའི་སྔགས།
ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོདྷ་ཙིཏྟ་ཧཱུཾཿ དྷརྨ་ཀཱ་ཡཿ སམྦྷོ་ཀཱ་ཡཿ ནིརྨ་ཀཱ་ཡཿ ཙིཏྟ་སིདྡྷི་ཕ་ལ་ཧཱུྃཿ
ཞེས་གཙོ་བོར་བཟླ། དེ་དུས་དངོས་གྲུབ་བསྡུ་དམིགས་ནི་བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་སྤྲོས་ཏེ་མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སླར་ཡང་མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བྱུང་སྟེ་བདག་བསྐྱེད་ཀྱི་གནས་གསུམ་དང་། དངོས་གྲུབ་ཀྱི་རྫས་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་བར་བསམ། རྫས་རྣམས་ཀྱང་ཡེ་ཤེས་ཀྱི་རང་བཞིན་ཟོས་པ་ཙམ་གྱིས་གྲོལ་ནུས་པའི་བདག་ཉིད་དུ་གྱུར་པར་བསམ།
མཐར་བསྙེན་མཇུག་གི་མཆོད་བསྟོད་དང་། ཚོགས་མཆོད་སོགས་སྔར་བཞིན།
གཏང་རག་མཆོད་བསྟོད་ཀྱི་རྗེས།
བཛྲ་ས་མ་ཡ་ཛཿ
བཏགས་པའི་ཡི་གེ་བརྒྱ་པ་བརྒྱ་རྩ་བརྒྱད་ཀྱིས་བཤགས། བཞི་ཆོད་ཀྱིས་གཞུང་གི་
ཧཱུཾ བྱིན་རླབས་ཀུན་གྱི་
སོགས་དངོས་གྲུབ་བསྐུལ་སྔགས་འཛབ་དབྱངས་ཉེར་གཅིག་གིས་དངོས་གྲུབ་ཞུ་བའི་སྙན་གསན་དབབ། ནོངས་བཤགས་ནས་ཤིས་བརྗོད་བར་རྒྱུན་འདོན་ལྟར་གྱིས་གྲུབ་བོ། །
ཉིན་ཕྱི་མའི་ནངས་པར་ཐོ་རངས་ནི་རིག་པ་དྭངས་སྙིགས་ཕྱེ་བའི་དུས་ཡིན་པས་ཉམས་ལེན་ལ་བོགས་ཐོན་པ་དང་། སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་པའི་དུས་གནད་ཁྱད་པར་ཅན་ཡིན་པས་སྐྱ་རེངས་མ་ཤར་ཙམ་ནས། སྒྲུབ་ཐབས་ཀྱི་གཞུང་བསྲང་ནས་བསྟོད་པའི་མཇུག་ཏུ།
ཧཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ
ཞེས་འཛབ་ཁ་དབྱེ་ནས།
བདག་ཉིད་ཆེ་མཆོག་༴
ཕྲེང་བ་བྱིན་བརླབ། བསྙེན་བ། སྒྲུབ་པ། ལས་སྦྱོར། དྲང་སྲོང་དམོད་པའི་ཐལ་བརྡེབ་བཅས་སོང་ནས།
ནད་གདོན་འཇིགས་བརྒྱད་
སོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ།
ནང་མཆོད་ཁེབས་བསལ་ལ། ཌཱ་བཅས་
སྟོང་པའི་ཡེ་ཤེས་༴
ནང་མཆོད་ཁ་བཅད།
ཧཱུྃཿ མི་སྡུག་སྲིན་པོའི་༴
ཕྱག་འཚལ་བསྟོད༔
ཨཱོྃ་བཛྲ་ས་ཏྭ་ས་མ་ཡ་
སོགས་ཡིག་བརྒྱ།
ཨོ་རྒྱན་རིན་པོ་ཆེ་ལ༴
ཚོགས་ཀྱི་གཤོམ་སྐབས་གནམ་ཕུད་ཀྱི་ཚོགས་དང་གསེར་སྐྱེམས་ཀྱང་བཤམ། ཚོགས་བསྐང་སྔར་བཞིན་ལས། བསྒྲལ་བའི་མཐར་ནང་མཆོད་བྲན་ལ་འབུལ་ཞིང་ཌཱ་རུ་ཚར་གཅིག་བཅད་ནས། ཡང་ཌཱ་བཅས་
ན་མོཿ བདེ་གཤེགས་སྙིང་པོ་༴
པདྨ་ཀ་མ༴
ཨཱོྃཿ ཀུན་བརྟགས་སྣང་བ༴
ན་མཿ སརྦ་ཏ་ཐྰ་
སོགས་ལན་གསུམ་དང་།
བཛྲ་སྥ་ར་ཎ་ཁཾ།
ཌཱ་ཡོད་མེད་གང་ལྟར་ཡང་བཞི་ཆོད་ཀྱིས།
ཨཱཿ རང་བྱུང་ལྷུན་གྲུབ་༴
ན་མཿསརྦ་ཏ་ཐཱ་སོགས་ལན་གསུམ་དང་།
བཛྲ་སྥ་ར་ཎ་ཁཾ།
ཌཱ་བཅས་
ཧཱུྃ། ཆོས་དབྱིངས་ཀུན་ཁྱབ་༴
མདོར་ན་རབ་འབྱམས་སོགས་ནས།
རྩ་གསུམ་དམ་ཅན་ཌཱཀྐིའི་བླ་རྡོལ་འབུལ་
ཞེས་སྐབས་གནམ་ཕུད་གསེར་སྐྱེམས་བཅས་མཆོད།
གནས་ལུགས་རྫོགས་པ་ཆེན་པོའི་ཀློང་དུ་ཨཱཿ
ཞེས་ཌཱ་འཁྲོལ། དེ་ནས་ལྷ་དང་འཁོན་ལྕུགས་སྦྱོང་བའི་ཕྱིར།
བཛྲ་ས་མཱ་ཛཿ
ལྷུག་འདོན་གྱིས་
ཧཱུཾ། ཡེ་ཤེས་སྐུ་མཆོག་
སོགས་བརྗོད་མེད་དོན་བཤགས་ཀྱིས་བཟོད་པར་གསོལ་ལ།
བཛྲ་ས་མ་ཡ་ཛཿ
བཏགས་པའི་ཡི་གེ་བརྒྱ་པ་ཉེར་གཅིག་གམ་བརྒྱ་རྩ་སོགས་ཀྱིས་བྲོ་བཤགས་བྱ། དངོས་གྲུབ་ཀྱི་རྫས་རྣམས་ལ་དངོས་གྲུབ་བསྡུ་བ་དང་། ཐུགས་དམ་བསྐུལ་བའི་དམིགས་འདུན་དང་བཅས།
ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོདྷ་ཙིཏྟ་ཧཱུཾཿ དྷརྨ་ཀཱ་ཡཿ སམྦྷོ་ཀཱ་ཡཿ ནིརྨ་ཀཱ་ཡཿ ཙིཏྟ་སིདྡྷི་ཕ་ལ་ཧཱུྃཿ
ཞེས་དངོས་གྲུབ་བསྐུལ་སྔགས་འརྒྱའམ་ཉེར་གཅིག་བཟླ།
བཞི་ཆོད་ཀྱིས་ཌཱ་བཅས་
ཧཱུྃཿ ང་ནི་སྤྱི་དཔལ་སོགས་ནས།
གནས་འདིར་མ་འདུག་༴
བཞིན་དུ་བཤིག་
ཅེས་ཌཱ་བཅད་ནས། དྲག་སྔགས་སོ་ལྔས་སྒྲུབ་རྫས་རྣམས་ལ་ཐུན་བྲབ་ཅིང་ཌཱ་འཕྲོལ། གུ་གུལ་འདུག བགེགས་བསྐྲད་ཅིང་།
ཧཱུྃཿ བདག་ཉིད་ཞེ་སྡང་
སོགས་ཀྱིས་སྲུང་འཁོར་བསྒོམ། དེ་ནས་ཚིག་བདུན་སྤྱན་འདྲེན་ལན་གསུམ།
ཧཱུྃཿ བཞེངས་ཤིག་པདྨ་༴
བཞི་ཆོད་ཀྱིས་ཌཱ་བཅས་
ཧཱུྃ༔ དཔལ་ཆེན་འདུས་པའི་
སོགས་བྱིན་འབེབས་མཐར།
གཞུང་གི་དངོས་གྲུབ་བསྐུལ་བ། བཞི་ཆོད་ཀྱིས་
ཧཱུྃཿ བྱིན་རླབས་ཀུན་གྱི་
སོགས་དངོས་གྲུབ་བསྐུལ་སྔགས་འཛབ་དབྱངས་ཀྱིས་བཟླ་བཞིན་སྒྲུབ་རྟེན་ཐོད་སྐུ་ཕུར་པའམ། སྒྲུབ་གཏོར་གནས་གསུམ་དུ་གཏུག་ལ།
སྒྲུབ་རྟེན་ལྷར་གསལ་བ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་པ་སྙིང་གའི་ཐིག་ལེ་ལ་འདུས་པས་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བསམ་བཞིན་དངོས་རྒྱས་ཀྱི་རྫས་ལ་ལྟོ་འགྲང་ཞིང་ཚིམ་པར་རོལ།
ཨཱོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ
ལྷ་རྫས་དང་ཏིང་ངེ་འཛིན་ལས་
སོགས་གཏང་རག་གི་མཆོད་བསྟོད་བསྡུས་པ་བྱ་ཞིང་ཡིག་བརྒྱ་བརྗོད།
དེ་ནས་ཚོགས་ཀྱི་དྲང་བ་བླང་། དངོས་གྲུབ་ཀྱི་རྫས་སོགས་སྒྲུབ་རྫས་རྣམས་གོང་བཞིན་སྔགས་གཡོག་ལྟ་བུའམ། ཆ་ལྔར་བགོས་ཏེ་འགྱེད་པར་བྱའོ། །
བསྙེན་སྒྲུབ་ཁ་སྐོང་དུ་རིག་འཛིན་དྲག་པོའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེའི་སྒོ་ནས་བསྲེག་རྫས་རྣམས་རྩ་སྔགས་ཁོ་ནས་ཕུལ། དེ་མ་གྲུབ་ན་ཞག་བདུན་སོགས་སུ་ཡི་གེ་བརྒྱ་པ་ཅི་མང་བཟླས།
ལྷག་མ་མན་ཆད་གཞུང་ལྟར་བྱ་ཞིང་། ལྷག་མ་བཙོན་དུ་བཟུང་བ་ཐམས་ཅད་ཀྱང་དེ་དུས་ཕྱི་རོལ་དུ་ཁྱེར་ནས་གཏོར་སྣོད་ཁ་ནང་བསྟན་དུ་སྤུངས། དེ་ཡང་མི་གཏོར་བར་སྤུང་ངེར་བླུགས། སྣོད་ཀྱང་བཤལ་ནས་དེ་ཕྱོགས་མཆོད། བསྐུལ་བ། རྒྱུན་བཞག་གི་ཆད་ཐོ་དང་། བསྟན་མ་གཤེགས། རྟ་བྲོ། གསོལ་ཁ་རྒྱས་པར་མཆོད་དེ་རྒྱུན་བཞག་གི་བཀའ་སྲུང་གཏོར་མ་རྣམས་ཡང་ཐོག་སོགས་གཙང་སར་གཤེགས།
རྒྱུན་བཞག་གི་ཆད་བསྟན་དང་བཀའ་སྲུང་མཆོད་གཏོར་རྣམས་སྒྲུབ་པ་ཕྱི་མའི་ཆེད་དུ་གསར་བཞེངས་བྱ་ནུས་ན་མཆོད་གཤེགས་བྱ།
གཏང་རག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས།
ཧཱུྃཿ སྣོད་བཅུད་ལྷ་དང་
སོགས་ཀྱིས་བདག་བསྐྱེད་དམ་ཚིག་གི་འཁོར་ལོ་བསྡུ་ཞིང་གཉུག་མའི་ལྷར་ལྡང་།
རྒྱལ་ཐོ་བཀྲོལ། བཀྲ་ཤིས་གང་རུང་བརྗོད་ཅིང་མེ་ཏོག་འཐོར། ཐོ་བླང་ལ་དབེན་སར་བཞག མཆོད་གཏོར་སོགས་གཙང་སར་གཤེགས།
ཧཱུྃཿ སྣང་གྲགས་རིག་པ་
སོགས་བསྔོ་སྨོན་མཚམས་སྦྱོར་དང་བཀྲ་ཤིས་བཅས་ཀྱིས་ལེགས་པར་གྲུབ་བོ།