Prayer Composed in Prison—Tibetan
༄༅། །ཟི་ལིང་ཁྲིམས་ཁང་དུ་སྦྱར་བའི་གསོལ་འདེབས།
ཨེ་མ་ཧོ།
ཆོས་དབྱིངས་དག་པའི་ཀློང་ན་ཀུན་ཏུ་བཟང་། །
ལོངས་སྤྱོད་རྫོགས་སྐུའི་ཞིང་ན་ཞི་ཁྲོའི་ལྷ། །
གང་འདུལ་གདུལ་བྱའི་མོས་ངོར་འཇའ་ལུས་རྗེ། །
ཐམས་ཅད་དབྱེར་མེད་ཆེན་པོར་གསོལ་བ་འདེབས། །
ཚེ་འདིར་བར་ཆད་ཕྱོགས་ལས་རྣམ་རྒྱལ་ཞིང་། །
ཕྱི་མ་གཤིན་རྗེའི་འཇིགས་ལས་དབུགས་དབྱུང་སྟེ། །
དག་པའི་ཞིང་དུ་བགྲོད་པར་བྱིན་གྱིས་རློབས། །
རིག་འཛིན་འཇའ་ལུས་རྡོ་རྗེས་ཟི་ལིང་ཁྲིམས་ཁང་དུ་སྦྱར།