Prayer to the Great Sacred Site of Pema Shelpuk—Tibetan
༄༅། །གནས་ཆེན་པདྨ་ཤེལ་ཕུག་གི་གསོལ་འདེབས་བཞུགས་སོ།།
མཚོ་སྐྱེས་གུ་རུའི་བྱིན་རླབས་འབྲེལ་ཚད་ཀུན། །
དོན་གཉིས་འབད་མེད་སྩོལ་བའི་ནོར་བུ་མཆོག །
གནས་མཆོག་པདྨ་ཤེལ་ཕུག་ལ་གསོལ་བ་འདེབས། །
མཆོག་དང་ཐུན་མོངས་དངོས་གྲུབ་མྱུར་དུ་སྩོལ། །
ཅེས་སྒྲུབ་གནས་ཀྱི་གསོལ་འདེབས་ཀུན་གཟིགས་འཇམ་དབྱངས་བླ་མ་རིན་པོ་ཆེའི་བཀའ་ལྟར་ཀརྨ་ཐེག་མཆོག་རྡོ་རྗེས་སྤྲེལ་ལོ་སྤྲེལ་ཟླའི་ཡར་ཚེས་བཅོ་ལྔ་ལ་ཙཱ་འདྲ་རིན་ཆེན་གནས་ནས་འཕྲལ་དུ་བྲིས་ཏེ་ཕུལ་བའོ།།