Prayer for the Long Life of Trulshik Rinpoche—Tibetan
༄༅། །རྫ་རོང་འཁྲུལ་ཞིག་ཞྭ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
ཨོཾ་སྭ་སྟི། །
ཐུབ་བསྟན་སྤྱི་དང་སྔ་འགྱུར་ཟབ་གསང་སྲོལ། །
ཀློང་ཆེན་དགོངས་བཅུད་མཛོད་མངའ་འདུལ་འཛིན་རྗེ། །
འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་ཞབས། །
སྐུ་ཚེ་བརྟན་ཅིང་མཛད་ཕྲིན་ལྷུན་གྲུབ་ཤོག །
ཅེས་པ་འདི་བཞིན་༧སྐྱབས་མགོན་རྒྱལ་དབང་རྡོ་རྗེ་འཆང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གི་ཞལ་སྔ་ནས་སྩལ་བའི་རྡོ་རྗེའི་གསུང་བྱིན་རླབས་ཤིན་ཏུ་ཆེ་བ་ལགས་སོ། །