A Prayer to the Root Guru—Tibetan
༄༅། །རྩ་བའི་བླ་མ་ལ་གསོལ་འདེབས། །
སངས་རྒྱས་ཀུན་དངོས་ཚད་མེད་ཐུགས་རྗེའི་གཏེར། །
སྐྱབས་ཀུན་འདུས་ཞལ་རྩ་བའི་བླ་མ་ལ། །
མི་ཕྱེད་སྙིང་ནས་གདུང་བས་གསོལ་བ་འདེབས། །
ཡེ་ཤེས་སྤྱན་གྱིས་གཟིགས་ལ་བྱིན་གྱིས་རློབས། །
ཞེས་པའང་ཀརྨ་དམ་ཆོས་དཔལ་འཛོམ་གྱི་ངོར། ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་བྲིས་པ་དགེ། །།