A Prayer to the Glorious Karmapa—Tibetan
༄༅། །དཔལ་ལྡན་ཀརྨ་པ་ལ་གསོལ་འདེབས། །
དཀོན་མཆོག་རྒྱ་མཚོའི་ཐུགས་རྗེ་འདུས་པའི་སྐུ། །
རྩ་གསུམ་རྒྱ་མཚོའི་བྱིན་རླབས་རྫོགས་པའི་དཔལ། །
སྐྱབས་གནས་རྒྱ་མཚོའི་ཕྲིན་ལས་དབང་ཕྱུག་རྗེ། །
དཔལ་ལྡན་ཀརྨ་པ་ལ་གསོལ་བ་འདེབས། །
ཐུགས་རྗེས་གཟིགས་ལ་དགོངས་བརྒྱུད་བྱིན་རླབས་ཕོབ། །
ལས་ཉོན་བག་ཉལ་སྒྲིབ་ཚོགས་བྱང་བ་དང་། །
རྟོགས་གྲོལ་དུས་མཉམ་མཆོག་གི་བྱང་ཆུབ་ཆེ། །
སྟན་ཐོག་འདི་རུ་ཐོབ་པར་མཛད་དུ་གསོལ། །
ཞེས་པའང་སྟོང་ནག་ཡར་དགོན་ནས་ཆོས་ལྡན་ཀརྨ་ཆོས་འགྲུབ་སེང་གེའི་ངོར། ཀརྨ་པས་བྲིས་པ་དགེ།