The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration for the Country’s Welfare—Tibetan

English | བོད་ཡིག

༄༅། །རྒྱལ་ཁམས་བདེ་བའི་སྨོན་ལམ། །

 

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། །

འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རིན་པོ་ཆེ། །

རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ལ། །

བདག་སོགས་རྩེ་གཅིག་གུས་པས་གསོལ་བ་འདེབས། །

ཞལ་བཞེས་བཞིན་དུ་དབྱིངས་ནས་བརྩེར་དགོངས་ལ། །

ཉམས་ཐག་འགྲོ་ལ་ཐུགས་རྗེས་གཟིགས་སུ་གསོལ། །

གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །

རྐྱེན་ངན་ཟློག་ཅིག་མ་དང་མཁའ་འགྲོའི་ཚོགས། །

མི་མཐུན་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །

ཕྱི་ནང་སྣོད་བཅུད་འབྱོར་པ་རབ་ཏུ་རྒྱས། །

དུས་འཁྲུགས་ནད་རིམས་ས་གཡོས་འབུ་སྲིན་སོགས། །

གཟུགས་ཅན་གཟུགས་མེད་བསམ་སྦྱོར་ངན་པའི་དཔལ། །

མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །

བསྟན་པ་དར་ཞིང་བསྟན་འཛིན་སྐུ་ཚེ་བརྟན། །

འཇིག་རྟེན་བདེ་སྐྱིད་དཔལ་གྱིས་གང་བར་ཤོག །

 

ཅེས་རྒྱལ་ཁམས་བདེ་བའི་སྨོན་ལམ་དཔལ་ཀརྨ་པས་བྲིས་པ་དགེ། །།དགེ། །དགེའོ།། །།

 

ཀརྨ་པ་མཁའ་ཁྱབ་རྡོ་རྗེ།

Fifteenth Karmapa, Khakhyab Dorje

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept