Yeshe Tsogyal Sādhana—Tibetan
༄༅། །མཚོ་རྒྱལ་སྒྲུབ་ཐབས་བཅུད་བསྡུས་བཞུགས།
བླ་མ་ཡེ་ཤེས་མཁའ་འགྲོ་མར། །
སྐྱབས་མཆི་འགྲོ་དོན་བྱང་སེམས་བསྐྱེད། །
རང་ཉིད་སྐད་ཅིག་དྲན་རྫོགས་སུ། །
རྡོ་རྗེ་རྣལ་འབྱོར་མཚོ་རྒྱལ་སྐུར། །
གསལ་བའི་ཐུགས་སྲོག་སྔགས་ཕྲེང་ལས། །
འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། །
སྣང་གྲགས་ལྷ་སྔགས་ཆོས་ཉིད་ངང་། །
བདེ་ཆེན་ཐིག་ལེ་གཅིག་ཏུ་འཁྱིལ། །
ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སིདྡྷི་ཧཱུྃ།
བསྐྱེད་པའི་སྣང་ཆ་སྟོང་པར་སད། །
སྟོང་པའི་རང་རྩལ་ལྷ་རུ་ཤར། །
འདིར་འབད་བསོད་ནམས་འགྲོ་ལ་བསྔོ། །
དོན་གཉིས་ལྷུན་གྲུབ་ཀྲ་ཤིས་ཤོག །
ཨ་རིའི་དད་ལྡན་ཕོ་མོ་འགའི། ཉམས་ལེན་ཁྱེར་བདེར་ཛྙཱ་ནས་བྲིས། །