The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Summary of Striking the Vital Point in Three Statements—Tibetan

English | བོད་ཡིག

༄༅། །ཚིག་གསུམ་གནད་བརྡེགས་ཀྱི་བསྡུས་དོན།

 

ངོ་རང་ཐོག་ཏུ་སྤྲད།

ཤེས་པ་སོ་མ་འདི་ཉིད་རིག་པ་རང་གནས་ཀྱི་ཡེ་ཤེས་སུ་ངོ་རང་ཐོག་ཏུ་སྤྲད།

ཐག་གཅིག་ཐོག་ཏུ་བཅད།

འཁོར་འདས་ཀྱི་ཆོས་གང་སྣང་ཐམས་ཅད་རིག་པ་རང་གི་རྩལ་ཁོ་ན་ལས་མ་འདས་པས་ན་རིག་པ་གཅིག་པུའི་ཡོ་ལངས་བསྐྱང་པ་འདི་ལས་གཞན་མེད་པར་ཐག་གཅིག་ཐོག་ཏུ་བཅད།

གདེང་གྲོལ་ཐོག་ཏུ་བཅའ།

རྣམ་རྟོག་ཆེ་ཕྲ་གང་ཤར་ཐམས་ཅད་རང་ངོ་ཤེས་མ་ཐག་ནས་རིག་སྟོང་ཆོས་སྐུའི་ཀློང་དུ་ཤར་གྲོལ་དུས་མཉམ་པ་གདིང་གྲོལ་ཐོག་ཏུ་བཅའ་བའོ།།

 

བདུད་འཇོམས་རིན་པོ་ཆེས་སོ།།

 

བདུད་འཇོམས་རིན་པོ་ཆེ།

བདུད་འཇོམས་རིན་པོ་ཆེ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept