The Ultimate Practice of Vajrakīlaya—Tibetan
༁ྃ༔ དྲན་རྫོགས་ཆེན་པོས་གསལ་འདེབས་ནི༔
ཨ༔ ཆོས་དབྱིངས་བརྡལ་བ་ཆེན་པོའི་མཁའ༔
སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུ༔
རྩལ་སྣང་འཁོར་གྱི་རོལ་པ་ཆེ༔
སྣང་གྲགས་རིག་གསུམ་རྡོ་རྗེའི་ངང༌༔
ས་མ་ཡ༔
ཡེ་རྫོགས་རིག་ཙམ་རང་ངོར་སངས༔
ཡུལ་འཛིན་འགྲོ་འོང་རྫུན་ཕུག་རྡིབས༔
ཨ་ཨ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔་བརྡ་ཐིམ༔