Avalokiteśvara Visualization and Mantra—Tibetan
༄༅། །ཐུགས་ཆེན་སྒོམ་བཟླས་བཞུགས༔
ཧྲཱིཿ རང་ཉིད་ཐུགས་རྗེ་ཆེན་པོར་གྱུར༔
དཀར་གསལ་ཕྱག་བཞིས་རིམ་བཞིན་དུ༔
ཐལ་སྦྱར་ཤེལ་ཕྲེང་པད་དཀར་བསྣམས༔
ལོངས་སྐུའི་ཆས་རྫོགས་སྐྱིལ་ཀྲུང་བཞུགས༔
ཐུགས་ཀར་ཧྲཱིཿལ་ཡིག་དྲུག་བསྐོར༔
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ
ཞེས་པ་བརྒྱ་སྟོང་སོགས་ཅི་ནུས་བཟླའོ༔
ཞེས་པའང་སློབ་བུ་རིག་ལྡན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ༎ ༎