In Praise of Padmākara—Tibetan
Praise
བོད་ཀྱི་བླ་མ།
འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན།
འཕགས་ཡུལ་གྱི་སྐྱེས་བུ་དམ་པ།
པདྨ་འབྱུང་གནས།
༄༅། །ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བསྟོད་པ།
བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བ། །
འཇིག་རྟེན་དབང་གྱུར་པདྨའི་རྒྱལ་པོ་ནི། །
རིགས་ནི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། །
ཨུ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །
བསིལ་བའི་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས། །
འཇིག་རྟེན་ཁམས་སུ་གདུག་པ་ཅན་རྣམས་བཏུལ། །
ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད། །
ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་པ། །
མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །
སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ །
མཉམ་མེད་བླ་མ་མཆོག་དེ་དུས་འདིར་དྲན། །
ཞེས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་སོ།།