The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Akṣobhya Homage—Tibetan

English | བོད་ཡིག

༄༅། །མགོན་པོ་མི་འཁྲུགས་པའི་བསྟོད་པ་ཚིགས་སུ་བཅད་པ། །

 

ལྷ་ན་མོ།

 

འགྲོ་བའི་བླ་མ་བཅོམ་ལྡན་མི་འཁྲུགས་པ། །

ཐུགས་རྗེ་ཆེན་པོས་འགྲོ་བ་རྗེས་བཟུང་བའི། །

སྨོན་ལམ་མཐར་ཕྱིན་བྱང་ཆུབ་མཆོག་བརྙེས་པ། །

སྐྱོབ་མཛད་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །

 

གླང་པོ་པདྨ་ཉི་མའི་གདན་སྟེང་ན། །

བཻ་ཌཱུརྱ་ཡི་མདོག་འདྲ་མཚན་དཔེས་བརྒྱན། །

དཀྱིལ་ཀྲུང་མཉམ་གཞག་ས་གནོན་ཕྱག་རྒྱ་ཅན། །

རྣམ་དག་སྐུ་མངའ་དེ་ལ་ཕྱག་འཚལ་ལོ། །

 

ཉིད་ཀྱི་ཐུགས་ལས་འོད་ཟེར་རབ་འཕྲོས་པས། །

འགྲོ་བའི་སྡུག་བསྔལ་མ་ལུས་རྣམ་སྦྱངས་ནས། །

བླ་མེད་ས་ལ་འགོད་པའི་གཉེན་གཅིག་པུ། །

ཡོན་ཏན་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །

 

ཁྱོད་ཀྱི་སྐུ་གསུང་ཐུགས་དང་སེམས་ཅན་རྣམས། །

དབྱེར་མེད་གཅིག་པས་མཚན་ཙམ་ཐོས་པ་ཡང་། །

ཉེས་ཚོགས་སྤངས་ནས་འཚང་རྒྱར་གདོན་མི་ཟ། །

ཕྱག་འཚལ་སྐྱབས་སུ་མཆིའོ་བསྐྱབ་ཏུ་གསོལ། །

 

འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན།

Akṣobhya

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept