The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration for Sukhāvatī—Tibetan

English | བོད་ཡིག

༄༅། །ལྕགས་ཀོང་རྡོ་རྗེ་དགྲ་འདུལ་གྱི་བདེ་སྨོན།

 

ཨེ་མ་ཧོ།

ནུབ་བདེ་ཆེན་ཞིང་བཞུགས་བཅོམ་ལྡན་འདས། །

མགོན་འོད་དཔག་མེད་པ་སྲས་འཁོར་བཅས། །

སེམས་རྩེ་གཅིག་དྲན་པས་མངོན་དུ་བྱ། །

ཚིག་ཁ་ཙམ་མ་ཡིན་གདུང་ཤུགས་ཀྱིས། །

སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །

ཐུགས་བརྩེ་་བས་དགོངས་ལ་བྱིན་གྱིས་རློབས། །

གནས་ངན་འགྲོའི་འཇིགས་ལས་སྐྱབས་ཏུ་གསོལ། །

 

ཡོངས་འགྲོ་བའི་དེད་དཔོན་ཁྱེད་རྣམས་ལ། །

བདག་གུས་པས་ཕྱག་འཚལ་མཆོད་པ་འབུལ། །

ལས་སྡིག་བཤགས་དགེ་ལ་རྗེས་ཡི་རངས། །

དཔལ་ཆོས་གསུང་མྱ་ངན་མི་འདའ་བཞུགས། །

དོན་དགེ་བ་བྱང་ཆུབ་རྒྱུ་རུ་བསྔོ། །

 

མ་འགྲོ་དྲུག་འཁོར་བ་ལས་བསྒྲལ་ནས། །

བླ་མེད་ཀྱི་རྫོགས་བྱང་ཐོབ་བྱའི་ཕྱིར། །

ཞིང་རྒྱ་མཚོར་སངས་རྒྱས་ཀྱིས་སྦྱོངས་བའི། །

རྣམ་ཐར་དང་སྨོན་ལམ་ཡོངས་རྫོགས་ཏེ། །

འབྲེལ་ཐོག་པའི་སེམས་ཅན་མ་ལུས་པ། །

ངོ་མཚར་བའི་ཞིང་མཆོག་བདེ་བ་ཅན། །

དེར་སྐྱེས་ནས་འོད་དཔག་མེད་མགོན་གྱིས། །

གསང་གསུམ་གྱིས་རྗེས་སུ་འཛིན་གྱུར་ཅིག །

 

ལྕགས་ཀོང་རྡོ་རྗེ་དགྲ་འདུལ་གྱིས་གསུངས་སོ།།

 

རྡོ་རྗེ་དགྲ་འདུལ།

Buddha Amitābha, 'Boundless Light'

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept