Extracts from Pakmé Nyurlam Empowerment—Tibetan
༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལས། བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་ཆོག་མ་རིག་མུན་སེལ་འོད་ཟེར་འབུམ་ལྡན་ཞེས་བྱ་བ་བཞུགས་སོ།།
ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །
སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །
དེ་རིང་བཤད་པའི་རིན་ཆེན་གཏེར། །
གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །
བདག་སོགས་མཁའ་མཉམ་སྲིད་པའི་འགྲོ། །
འཁོར་བའི་ལམ་ལས་ལྡོག་ནས་ཀྱང་། །
མཆོག་གསུམ་ངོ་བོ་འོད་ཀྱི་ལྷར། །
སྙིང་ནས་གུས་པས་སྐྱབས་སུ་མཆི། །
ཉོན་མོངས་དབང་གྱུར་འགྲོ་བ་རྣམས། །
སྡུག་བསྔལ་རྒྱ་མཚོར་བསྒྲལ་ནས་སུ། །
བདེ་ཆེན་འགྱུར་མེད་གནས་ཐོབ་ཕྱིར། །
སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད།
དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །
སྡིག་པ་མི་དགེ་སོ་སོར་བཤགས། །
འགྲོ་བའི་དགེ་ལ་རྗེས་ཡི་རང་། །
སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །
སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །
བྱང་ཆུབ་བར་དུ་སྐྱབས་སུ་མཆི། །
རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །
བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །
བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིད་ནས། །
སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །
བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱོད་པར་བགྱི། །
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ཀྱེ་བླ་མ་འོད་དཔག་མེད་མགོན་དང་། །
སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །
སངས་རྒྱས་བྱང་ཆུབ་ཚོགས་རྣམས་ལ། །
གསོལ་བ་འདེབས་སོ་དབང་བསྐུར་སྩོལ།
ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རྭ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།
གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །
དེ་དག་ཐམས་ཅད་བདག་གིས་བགྱི། །