Vajrasattva Medicinal Amṛta Extracts—Tibetan
༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན།
༈ དཔལ་རྡོ་རྗེ་སེམས་དཔའི་བླ་མཆོད་དང་འབྲེལ་བའི་བདུད་རྩི་སྨན་གྱི་དབང་ཞར་བྱུང་དང་བཅས་པའི་ལེའུ་ཚན་བཞི་པ།
ཨོཾ་ཨཱཿཧཱུྃ།
བདག་གཞན་བླ་མེད་བསྙེན་སྒྲུབ་འདི་དག་གིས། །
སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས། །
ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང༌། །
བྱིན་རླབས་རྩལ་དབང་གཟི་བརྗིད་ནུས་མཐུ་ལྡན། །
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །
ཨ་ཧོ་མ་ཧཱ་སུ་ཁ་ཧོ།