Tiklé Gyachen Empowerment Extracts—Tibetan
༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལེའི་རྩ་གསུམ་སྤྱི་དང་བྱེ་བྲག་གི་དབང་བསྐུར་གྱི་ཕྲེང་བ་བཀླག་ཆོག་ཏུ་བཀོད་པ་ཟབ་གསང་བདུད་རྩིའི་སྒོ་འབྱེད་སྐལ་བཟང་ཀུན་དགའི་རོལ་སྟོན།
༈ ཡང་གསང་བླ་མའི་སྒྲུབ་པ་འོད་གསལ་ཐིག་ལེའི་རྒྱ་ཅན་གྱི་སྨིན་བྱེད་རྒྱས་པར་སྤྲོས་པ་ལེའུ་ཚན་བཅུ་པ།
སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །
རྡོ་རྗེ་སློབ་དཔོན་བདག་ལ་དགོངས། །
རིག་འཛིན་བླ་མའི་དཀྱིལ་འཁོར་དུ། །
འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ། །
ཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔
སྐུ་གསུམ་ཆེན་པོར་ལྷུན་རྫོགས་པའི༔
རང་རིག་དོན་གྱི་བླ་མ་ལ༔
འཛིན་མེད་ངང་ནས་སྐྱབས་སུ་མཆི༔
ཧོཿ སངས་རྒྱས་མེད་ལ་སེམས་ཅན་མེད༔
ཡིན་པ་མེད་ལ་མིན་པ་མེད༔
སོ་མ་རང་གདངས་ལྷུག་པའི་གདངས༔
རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔
བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །
དེ་འདྲ་ཁོ་ནར་བདག་གྱུར་ཅིག །
སྤྱོད་པ་རྨད་བྱུང་བསམ་ཡས་པ། །
འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །
བྱང་ཆུབ་སེམས་མཆོག་དམ་པ་དང༌། །
སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །
སྲོག་གི་ཕྱིར་ཡང་མི་གཏོང་ན། །
རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །
ཨོཾ་ཨཱཿཧཱུྂ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྂ༔
གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །
དེ་དག་ཐམས་ཅད་བདག་གིས་བགྱི། །
ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །
སློབ་མར་བཟུང་ནས་སྤྱད་དུ་གསོལ། །