The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Jamyang Khyentse Chökyi Lodrö—Tibetan

English | བོད་ཡིག

༄༅། །དཔལ་མགོན་བླ་མའི་གསོལ་འདེབས་བྱིན་རླབས་མྱུར་སྟེར་ཞེས་བྱ་བ་བཞུགས།

 

ཨོཾ་སྭསྟི།

འཇ༵མ་དཔལ་དབྱང༵ས་སོགས་རིགས་གསུམ་རྒྱལ་ཀུན་གྱི། །

མཁྱེན་བརྩེ་ནུས་པའི་ཆོས༵་ཀུན་འདུས་པའི་གཟུགས། །

མཚོ་སྐྱེས་རྡོ་རྗེའི་ཐུགས་ཀྱི༵་འོད་ཟེར་བཅུད། །

བློ༵་གྲོས༵་སྤོབས་མཐའ་ཡས་ལ་གསོལ་བ་འདེབས། །

 

བདེ་གཤེགས་ཀུན་གྱི་གསང་བ་མི་ཟད་དབྱིངས། །

འཇ༵མ་དཔལ་དབྱང༵ས་སོགས་དཔལ་ཆེན་སྒྲུབ་སྡེ་བརྒྱད། །

ཀུན་གྱི་ཁྱབ་བདག་རྒྱུ་འབྲས་ཆོས༵་ཀུན་གྱི༵། །

འབྱུང་གནས་བློ༵་གྲོས༵་རྨད་བྱུང་གསོལ་བ་འདེབས། །

 

འཇ༵མ་མཉེན་མཚན་དཔེའི་རྒྱལ་ཀུན་ཡེ་ཤེས་སྐུ། །

ཟབ་རྒྱས་དབྱང༵ས་སྙན་ཆོས༵་ཀྱི༵ས་འགྲོ་ཀུན་སྒྲོལ། །

མཁྱེན་བརྩེའི་བློ༵་གྲོས༵་དཔག་ཡས་ཧེ་རུ་ཀ །

གནས་གསུམ་མཁའ་འགྲོའི་མེས་པོར་གསོལ་བ་འདེབས། །

 

རྩ་གསུམ་ལྷ་ཡི་བདེན་པ་རྨད་བྱུང་གིས། །

དཔལ་ལྡན་བླ་མ་འཆི་མེད་ཡེ་ཤེས་གཟུགས། །

སྙིང་གི་པདྨོར་རྟག་བརྟན་བཞུགས་པ་དང༌། །

ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག  །

 

ཅེས་པའང་ལྷོ་འབྲུག་གི་སྨན་ལྗོངས་ཐར་པ་གླིང་ནས་རྒྱལ་ཁམས་པ་མངྒ་ལའི་མིང་གིས་རྩ་གསུམ་གྱི་ཚོགས་འབུམ་ཕྲག་འབུལ་བའི་སྐབས་དད་པའི་ཡིད་ཀྱིས་ས་ག་ཟླ་བའི་ཚེས་༨་ལ་སྨོན་པ་སིདྡྷི་རསྟུ། སྔོན་ཆད་ཞབས་བརྟན་དུ་བྲིས་པ་སླར་གསོལ་འདེབས་སུ་ཚིག་བསྒྱུར་བགྱིས་པའོ།།

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Further information:

BDRC Author Profiles: P625 P733

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept