Prayer to Dilgo Khyentse Rinpoche—Tibetan
༄༅། །དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལ་གསོལ་འདེབས།
ཀུན་ཁྱབ་འགྱུར་མེད་རང་བྱུང་རྡོ་རྗེ་སེམས། །
གནས་ལུགས་སྟོན་མཛད་ཐེག་མཆོག་རྫོགས་པ་ཆེའི། །
རྩ་བ་ཡན་ལག་བསྟན་པའི་རྒྱལ་མཚན་མཆོག །
སྒྲེང་མཛད་དཔལ་ལྡན་བླ་མར་གསོལ་བ་འདེབས། །
ཞེས་པའང་རྒྱལ་དབང་པདྨའི་ཕྲིན་ལས་པ་ཟབ་གཏེར་སྤྱོད་པ་པད་རྒྱལ་གླིང་པས་ཆེད་དུ་བསྐུལ་བཞིན་རང་ཉིད་ཀྱི་བརྗོད་པ་དོན་དང་ལྡན་པར་གྱུར་ཅིག། །།