Guru Rinpoche of Medicine—Tibetan
༄༅། །སངས་རྒྱས་སྨན་བླའི་རྒྱུན་ཁྱེར།
རང་ཉིད་སྐད་ཅིག་དྲན་རྫོགས་སུ། །
ཨོ་རྒྱན་སྨན་གྱི་བླ་མ་ནི། །
མཐིང་གསལ་སྨན་མཆོག་ལྷུང་བཟེད་བསྣམས། །
སྙན་ཞུ་གསང་གོས་ཕོད་བེར་གསོལ། །
བྱིན་རླབས་གཟི་བརྗིད་ལྡན་པར་གསལ། །
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་བྷཻ་ཥ་ཛྱེ་རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ།
ཞེས་ཟླ།
དགེ་བ་འདི་ཡིས་མྱུར་དུ་བདག །
ཨོ་རྒྱན་སྨན་བླ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡིས་ས་ལ་འགོད་པར་ཤོག །
མངྒ་ལས་སོ། །