The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Supplication to Milarepa—Tibetan

English | བོད་ཡིག

༄༅། །རྗེ་བཙུན་བཞད་པའི་རྡོ་རྗེའི་གསོལ་འདེབས།

 

དག་པའི་རྩ་ཁམས་ལྷ་ཡི་ཕྱག་རྒྱར་སྨིན། །

སྲོག་རྩོལ་གཞོམ་བྲལ་རྡོ་རྗེ་ནཱ་དའི་གསུང༌། །

བདེ་ཆེན་ལྷན་སྐྱེས་དགའ་བཞིས་མྱོས་པའི་ཐུགས། །

རྗེ་བཙུན་བཞད་པ་རྡོ་རྗེར་གསོལ་བ་འདེབས། །

 

སྲིད་པར་ཞེན་ལོག་ཆོས་བརྒྱད་འཆིང་ལས་གྲོལ། །

མོས་གུས་ཚད་བྱིན་བླ་མ་སངས་རྒྱས་མཐོང༌། །

དབེན་པར་རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་གྱིས། །

སྐུ་བཞིའི་བཙན་ས་ཚེ་འདིར་ཟིན་པར་མཛོད། །

 

ནམ་ཞིག་ཚེ་འཕོས་མགོན་ཁྱོད་དགྱེས་པའི་ཞིང༌། །

རང་སྣང་མངོན་པར་དགའ་བའི་ཚལ་སྐྱེས་ཏེ། །

འབྲེལ་ཐོག་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །

རྣལ་འབྱོར་དབང་ཕྱུག་གོ་འཕང་འགོད་ནུས་ཤོག །

 

ཅེས་པའང་དཔལ་གྲུབ་པ་ཆེན་པོའི་རྣམ་ཐར་སྙིང་གི་ནོར་བུར་འཆང་བའི་ཁྱེའུ་ཆུང་མངྒ་ལའི་དད་པའི་ཆུ་གཏེར་ལས་བྱུང་བའོ།། །།

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

མི་ལ་རས་པ།

Further information:

BDRC Author Profiles: P625 P1853

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept