Neten Chokling Rinpoche Long-Life Prayer—Tibetan
English | Español | 中文 | བོད་ཡིག
༄༅། །གཏེར་ཆེན་མཆོག་གླིང་སྐུ་ཕྲེང་བཞི་པའི་ཞབས་བརྟན་འཆི་མེད་རྡོ་རྗེའི་རྒྱུད་མང་བཞུགས་སོ། །
ཨོཾ་སྭསྟི།
རི༵ག་འཛི༵ན་གྲུབ་བརྒྱའི་སྤྱི་མེས་པདྨ་འབྱུང་། །
བདེ་ཆེན་འགྱུ༵ར་མེ༵ད་སྒྱུ་འཕྲུལ་ཡི་དམ་ལྷ། །
རྡོ༵་རྗེ༵འི་ཆོས་སྲུང་མཁའ་འགྲོའི་ཚོགས་བཅས་ཀྱི། །
བདེན་བྱིན་རྨད་བྱུང་ནུས་མཐུའི་ཤིས་པ་སྩོལ། །
སྔ་འགྱུར་བཀའ་གཏེར་ཐེག་མཆོག་སྨིན་གྲོལ་གྱི། །
བསྟན་འཛིན་མཁས་གྲུབ་དབང་པོའི་སྐུ་ཚེ་དང་། །
ཐུགས་བསྐྱེད་ཕྲིན་ལས་དཀར་པོའི་ཟླ་གཞོན་བཞིན། །
འཆར་བས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །
བཀའ་བབས་བདུན་ལྡན་གཏེར་ཆེན་ཆོས་ཀྱི་རྗེའི། །
རིང་ལུགས་སྲིད་མཐར་རྫོགས་ལྡན་དུས་སྟོན་བཞིན། །
དགེ་མཚན་རྨད་བྱུང་ཤིས་པའི་མེ་ཏོག་གིས། །
འཇིག་རྟེན་གསུམ་ན་རྟག་ཏུ་མཛེས་གྱུར་ཅིག །
དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྒྱལ་དབང་ཀརྨ་པ་བཅུ་དྲུག་པས་སྩལ་བའི་མཚན་དང་མཐུན་པའི་ཞབས་བརྟན་འབུལ་དགོས་ཞེས་གྲུབ་སྲས་སྐུ་མཆེད་རྟེན་མཆོག་འགྱུར་མེད་གླིང་གི་འདུས་པའི་སྡེས་གསུངས་བསྐུལ་བཞིན་འཇམ་མགོན་མཁྱེན་བརྩེའིབྱིན་རླབས་ཀྱི་བདུད་རྩིའི་རེག་པའི་སྔགས་བཙུན་མངྒ་ལ་ཤྲི་བྷུ་ཏིའི་སྐུ་ཚབ་ཡིད་བཞིན་ནོར་བུ་དངོས་གྲུབ་དཔལ་འབར་གྱིས་སྤྱན་སྔར་བྲིས་ཤིང་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག།