The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Calling the Guru From Afar—Tibetan

English | བོད་ཡིག

༄༅། །བླ་མ་རྒྱང་འབོད།

 

ཨ་ཧོ།

སྲིད་ཞིའི་ཁྱབ་བདག་རང་བྱུང་དང་པོ་ཡི་སངས་རྒྱས། །

འོད་གསལ་སྐུ་དང་ཡོན་ཏན་མི་ཟད་པའི་འབྱུང་གནས། །

ཆོས་དབྱིངས་ཁྱབ་བརྡལ་ཡེ་ཤེས་སྐུ་ཅན་གྱི་སྟོན་པ། །

ཆོས་སྐུའི་བླ་མ་རྡོ་རྗེ་ཐུགས་མཆོག་རྩལ་མཁྱེན་ནོ། །

 

རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་རྣམ་རོལ་གྱི་བཀོད་པ། །

བསམ་ཡས་སྤྲོ་དང་བསྡུ་བའི་ཆོ་འཕྲུལ་གྱི་བྱེད་པོ། །

བདེ་སྟོང་འཕོ་འགྱུར་མེད་པའི་ཐིག་ལེ་རུ་ཤར་བ། །

ལོངས་སྐུའི་བླ་མ་པདྨ་དབང་ཆེན་རྩལ་མཁྱེན་ནོ། །

 

མ་ལུས་སྲས་དང་བཅས་པའི་རྒྱལ་ཀུན་གྱི་ཕྲིན་ལས། །

འཇམ་མགོན་དཔལ་ལྡན་བླ་མའི་མཚན་དཔེ་རུ་བཞད་པས། །

རིས་མེད་བསྟན་འགྲོའི་དགེ་མཚན་འདོད་པ་རུ་འཇོ་མཛད། །

སྤྲུལ་སྐུའི་བླ་མ་མཁྱེན་བརྩེའི་འོད་ཟེར་དེ་མཁྱེན་ནོ། །

 

བཀའ་དྲིན་མཚུངས་ཟླ་བྲལ་བའི་དྲིན་ཆེན་གྱི་བླ་མ། །

འབྲལ་མེད་སྤྱི་གཙུག་རྒྱན་དུ་རྟག་པ་རུ་བཞུགས་ནས། །

དགོངས་བརྒྱུད་བྱིན་རླབས་ཟབ་མོའི་ཉིན་བྱེད་ཀྱི་སྣང་བ། །

མྱུར་དུ་སྙིང་ལ་ཕོབ་ཅིག་ཡེ་ཤེས་ཀྱི་དབང་བསྐུར། །

 

དད་དང་སྙིང་རྗེ་ངེས་འབྱུང་བྱང་སེམས་ཀྱིས་རྒྱུད་དུལ། །

བསྐྱེད་དང་རྫོགས་པ་མཐར་སོན་དབང་བཞི་ཡི་ལམ་གྱིས། །

མཐར་ཐུག་གདོད་མ་ཆོས་སྐུའི་རྒྱལ་ཐབས་ལ་འགོད་པས། །

ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རང་རློབས་ཤིག །

 

ཅེས་བསྒྲུབ་བརྩོན་སྣེའུ་གདོང་བན་ཚང་བླ་མས་བསྐུལ་ངོར་བླ་མའི་གཟུགས་བརྙན་མངྒ་ལས་ཤྲཱི་བྷཱུ་ཏིས་བྲིས་པ་དགེ་ཞིང་དོན་དང་ལྡན་པར་གྱུར་ཅིག  །མངྒ་ལཾ།

 

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept