Zabtik Drolchok Lineage Prayer—Tibetan
༄༅། །དགོངསགཏེར་སྒྲོལ་མའི་ཟབ་ཏིག་ལས། ཕྱི་ནང་གསང་སྒྲུབ་སྤྱིའི་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་ཨུཏྤལ་བཞུགས་སོ། །
ཀུན་བཟང་དང་པོའི་སངས་རྒྱས་འོད་མི་འགྱུར། །
གར་གྱི་དབང་ཕྱུག་པདྨ་བཞད་པ་རྩལ། །
འཕགས་བཞིའི་ཡུམ་གྱུར་རྗེ་བཙུན་མྱུར་མ་དཔལ། །
གསོལ་བ་འདེབས་སོ་སྲིད་ཞིའི་འཇིགས་ལས་སྐྱོབས། །
མཁའ་འགྲོའི་ཚོགས་རྗེ་ཨོ་རྒྱན་ཐོད་ཕྲེང་རྩལ། །
གསང་བའི་དགྱེས་སྡེ་མཁར་ཆེན་སྤྲུལ་པའི་ལྕམ། །
ཁྲི་སྲོང་ཡབ་སྲས་རྣམ་སྣང་ལོ་ཙཱ་ཆེར། །
གསོལ་བ་འདེབས་སོ་སྲིད་ཞིའི་འཇིགས་ལས་སྐྱོབས། །
འགྲོ་འདུལ་སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་། །
བཀའ་བབས་སྒྲོལ་མས་རྗེས་བཟུང་མཁྱེན་བརྩེའི་དབང་། །
འཇམ་མགོན་བླ་མ་པདྨ་གར་དབང་རྩལ། །
གསོལ་བ་འདེབས་སོ་སྲིད་ཞིའི་འཇིགས་ལས་སྐྱོབས། །
ཐུགས་སྲས་མཁས་སྒྲུབ་དྷརྨ་ས་ར་དང་། །
འགྱུར་མེད་ཚེ་དབང་འདྲེན་མཆོག་དྷརྨའི་མཚན། །
ཡི་དམ་ལྷ་དང་མཁའ་འགྲོ་དམ་ཅན་ལ། །
གསོལ་བ་འདེབས་སོ་སྲིད་ཞིའི་འཇིགས་ལས་སྐྱོབས། །
དབང་གིས་རྒྱུད་སྨིན་ལམ་སྟེགས་སྔོན་འགྲོ་འབྱོང་། །
སྐྱེས་བུ་གསུམ་གྱི་ལམ་གྱི་རྩ་བ་ཚུགས། །
རྒྱུད་སྡེ་རྣམ་བཞིའི་ལམ་མཆོག་ཡོངས་རྫོགས་ནས། །
རྒྱལ་ཡུམ་འཕགས་མའི་གོ་འཕང་ཐོབ་ཤོག །
ཅེས་པའང་དོན་གཉེར་ཅན་དུ་མས་སྔརནསབསྐུལ་བ་དང་། བློ་གསལ་རིག་པར་སྨྲ་བ་ངག་དབང་མཆོག་ལེགས་ནས་ནན་བསྐུལ་ལ་བརྟེན་འཕགས་མ་དགྱེས་པའི་སྨན་ལྗོངས་སུ་སྐྱེསཔའིསྔགས་བཙུན་མངྒ་ལ་ཤྲཱི་བྷཱུ་ཏིས་དད་པའི་བློས་བྲིས་པ་རྗེ་བཙུན་མྱུར་མ་དཔལ་མོའི་ཡེ་ཤེས་གཟིགས་པའི་འབབ་སྟེགས་སུ་གྱུར་ཅིག། །།