Kalu Rinpoche Long-Life Prayer—Tibetan
༄༅། །སྐྱབས་རྗེ་ཀ་ལུ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
ན་མོ་གུ་རུ།
རང་འབྱུང་ཡེ་ཤེས་ཆེན་པོའི་གནས་ལུགས་གཟིགས། །
འགྲོ་བ་ཀུན་ལ་བརྩེ་ཆེན་ཐུགས་རྗེ་ལྡན། །
ཕན་བདེའི་ཕྲིན་ལས་འཛམ་གླིང་ཡོངས་ལ་ཁྱབ། །
རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་གསོལ། །
སྤྱི་ལོ་ ༡༩༧༥ ལོར་སྐྱབས་རྗེ་ཀ་ལུ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདིས་ས་སྐྱ་སྡེ་གཞུང་མཁན་པོ་ནས་སྨོན་པའོ༎ ༎