Prayer to Rongzom Chökyi Zangpo—Tibetan
༄༅། །རོང་ཟོམ་ཆོས་ཀྱི་བཟང་པོའི་གསོལ་འདེབས།
རིག་པའི་གནས་ལྔ་ཡོངས་རྫོགས་མཁས་པའི་རྒྱལ། །
བསྐྱེད་རྫོགས་མཐར་ཕྱིན་གྲུབ་པ་ཀུན་གྱི་རྒྱན། །
སྔ་འགྱུར་བསྟན་པའི་ཉི་མ་རོང་ཟོམ་པ། །
ཆོས་ཀྱི་བཟང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་སྙིགས་དུས་འདིར་བསླབ་གསུམ་འགྲན་བྲལ་མཁན་པོ་རིན་ཆེན་དར་རྒྱས་པདྨ་བློ་གྲོས་སངས་རྒྱས་ཆོས་འཕེལ་གྱིས་གསུངས་ངོར། མཆོག་གྱུར་གླིང་པས་ཤར་ཕྱོགས་ཚེས་བཅུར་བྲིས་པ་དགེ །