The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Padma-Vajra—Tibetan

English | བོད་ཡིག

༄༅། །པདྨ་བཛྲའི་གསོལ་འདེབས།

 

རྣམ་ཀུན་མཆོག་ལྡན་སྟོང་ཉིད་རོལ་མཚོ་ལས། །

སྙིང་རྗེའི་དབང་གྱུར་པདྨའི་སྡོང་པོར་འཁྲུངས། །

ཟུང་འཇུག་བདེ་བའི་རྡོ་རྗེ་ཧེ་རུ་ཀཿ །

མཉམ་ཉིད་དཔལ་ཆེན་པདྨ་བཛྲ་རྩལ། །

དཔའ་བོ་མཁའ་འགྲོ་སྒྱུ་འཕྲུལ་གླིང་དུ་རོལ། །

དད་པའི་མཁའ་ལ་ཡེ་ཤེས་ཉི་མ་གསལ། །

དཀྱིལ་འཁོར་གཙོ་བོ་ཁྱོད་ཞབས་བཀའ་དྲིན་གྱི། །

འོད་ཀྱི་སྣང་བ་ཆེན་པོའི་ཁྱབ་པ་ཡིས། །

བདག་བློ་ཞེན་འཛིན་མུན་པ་དྲུངས་ནས་ཕྱུང་། །

ཀུན་འདུས་དབྱེར་མེད་ཡེ་ཤེས་པད་ཚལ་རྒྱས། །

སྙིང་རྗེའི་གཞན་དབང་དྲི་བསྲུང་ཀུན་ནས་ལྡང་། །

ཡིད་ཅན་རྐང་དྲུག་ཚོགས་རྣམས་ཕན་བདེར་བཀོད། །

ཉམས་ཆུང་རྩིས་གདབ་འགྱུར་བུས་མ་བཅིངས་ཤིང་། །

གཟིགས་མཐོང་སྟོང་ཉིད་རྒྱས་འདེབས་ལས་ལྡོག་ཅིང་། །

སྤྲོས་པ་ཡིད་བྱེད་བྱར་ཡོད་ཀུན་དང་བྲལ། །

ངེས་དོན་མཐར་ཐུག་རྟོགས་པར་བྱིན་གྱིས་རློབས། །

 

མཆོག་གྱུར་གླིང་པས་བྲིས།

 

མཆོག་གྱུར་བདེ་ཆེན་གླིང་པ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept