The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Gyalwa Longchenpa—Tibetan

English | བོད་ཡིག

༄༅། །རྒྱལ་བ་ཀློང་ཆེན་པ་ལ་གསོལ་འདེབས།

 

མཁྱེན་རབ་འཕགས་པ་འཇམ་དཔལ་དབྱངས་དང་མཉམ། །

བརྩེ་བའི་ཐུགས་རྗེ་སྤྱན་རས་གཟིགས་དང་མཚུངས། །

ནུས་པ་གསང་བའི་བདག་པོར་དབྱེར་མེད་ཅིང་། །

སྙིང་ཐིག་གཏེར་གྱི་བཀའ་བབ་ལས་འབྲེལ་རྩལ། །

པདྨའི་རྒྱལ་ཚབ་དྲི་མེད་འོད་ཟེར་གྲགས། །

བི་མ་ལ་ཡི་རྗེས་བཟུང་བསམ་ཡས་པ། །

ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །

 

ཞེས་པ་དུས་སྙིགས་ཀྱི་སྐབས་འདིར་བསླབ་གསུམ་འགྲན་ཟླ་བྲལ་བ་མཁན་པོ་པདྨ་བློ་གྲོས་སངས་རྒྱས་ཆོས་འཕེལ་གྱིས་གྲྭ་ཚང་འཚོགས་འདོན་རྒྱུར་དགོས་ཞེས་གསུངས་ངོར། མཆོག་གྱུར་གླིང་པས་ཤར་ཕྱོགས་ཀྱི་ཚེས་བཅུ་ལ་བྲིས་པ་དགེ །

 

མཆོག་གྱུར་བདེ་ཆེན་གླིང་པ།

Longchen Rabjam Drimé Özer

Further information:

BDRC Author Profiles: P564 P1583

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept