Prayer to Fourteenth Karmapa—Tibetan
༄༅། །ཀརྨ་པ་ཐེག་མཆོག་རྡོ་རྗེའི་གསོལ་འདེབས།
སངས་རྒྱས་ཀུན་གྱི་བདག་ཉིད། །
རྒྱལ་དབང་ཀརྨ་པ་ཆེན་པོ། །
ཐེག་པ་མཆོག་གི་རྡོ་རྗེ། །
ཡེ་ཤེས་སྤྱན་གྱིས་གཟིགས་ཤིག །
ཐུགས་རྗེས་མྱུར་དུ་ཟུངས་ལ། །
ཕྱི་ནང་བར་ཆད་ཀུན་སོལ། །
མཆོག་དང་ཐུན་མོང་དངོས་གྲུབ། །
ད་ལྟ་ཉིད་དུ་སྩོལ་ཅིག །
གཟིམ་འགགས་དོན་ལྡན་གྱིས་བསྐུལ་བས་མཆོག་གྱུར་གླིང་པས་བྲིས་པའོ། །