The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Fourteenth Karmapa—Tibetan

English | བོད་ཡིག

༄༅། །རྒྱལ་དབང་ཀརྨ་པ་ཐེག་པ་མཆོག་རྡོ་རྗེའི་གསོལ་འདེབས།

 

སངས་རྒྱས་ཀུན་འདུས་འགྲོ་མགོན་ཀརྨ་པ། །

དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ཚོགས། །

ཀུན་འདུས་ཐེག་པ་མཆོག་གི་རྡོ་རྗེ་ལ། །

གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །

 

སྡིག་སྒྲིབ་རྐྱེན་ངན་བར་ཆད་ཞི་བ་དང་། །

མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ། །

ཚེ་འདིར་རང་སེམས་ཆོས་སྐུ་མངོན་གསུམ་རྟོགས། །

ཕྱི་མ་མཁའ་སྤྱོད་ཞིང་དུ་སྐྱེ་བར་ཤོག །

 

མཆོག་གྱུར་བདེ་ཆེན་གླིང་པ།

Fourteenth Karmapa, Tekchok Dorje

Further information:

BDRC Author Profiles: P564 P562

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept