Prayer for Sönam Rinchen—Tibetan
༄༅། །བསོད་ནམས་རིན་ཆེན་གྱིས་བསྐུལ་བའི་གསོལ་འདེབས།
དུས་གསུམ་ཀུན་མཁྱེན་གུ་རུ་པདྨ་ལ། །
བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས། །
ཐུགས་རྗེའི་མཐུ་རྩལ་ཆེན་པོའི་ད་ལྟ་རང་། །
བདག་ཉིད་ལམ་སྣ་འདྲེན་པར་མཛད་དུ་གསོལ། །
དད་ལྡན་བསོད་ནམས་རིན་ཆེན་ནས་བསྐུལ་ངོར་མཆོག་གྱུར་གླིང་པས་བྲིས་པ་དགེ །