The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer for Pema Sachu—Tibetan

English | བོད་ཡིག

༄༅། །པདྨ་ས་བཅུས་བསྐུལ་བའི་གསོལ་འདེབས།

 

རྒྱལ་བའི་གསང་གསུམ་ཀུན་འདུས་པདྨ་འབྱུང་། །

ཤེས་རབ་ཡུམ་མཆོག་མ་གཅིག་མཚོ་རྒྱལ་མ། །

བཀའ་དྲིན་སུམ་ལྡན་བླ་མ་ཡབ་ཡུམ་ལ། །

མི་ཕྱེད་དང་བས་སྙིང་ནས་གསོལ་བ་འདེབས། །

 

བདག་དང་བདག་འདྲའི་སེམས་ཅན་ཐམས་ཅད་ཀྱི། །

ནད་གདོན་སྡུག་བསྔལ་མྱུར་དུ་ཞི་བ་དང་། །

ལྷག་བསམ་དགེ་བའི་བར་ཆད་བཟློག་ཏུ་གསོལ། །

 

དུས་གསུམ་ཤེས་བྱ་ཀུན་མཁྱེན་འཇམ་པའི་དབྱངས། །

ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས། །

མ་རུང་བདུད་འཇོམས་བཅོམ་ལྡན་གསང་བའི་བདག །

རྒྱལ་ཀུན་སྐྱེད་ཡུམ་འཕགས་མ་སྒྲོལ་མའི་ཞབས། །

བདག་གི་སྐྱབས་གནས་མཆོག་རྣམས་སྙིང་ནས་དྲན། །

འཇིགས་དང་སྡུག་བསྔལ་མྱུར་དུ་ཞི་བ་དང་། །

འགྲོ་བའི་དོན་ལ་བར་ཆད་མེད་པ་ཡི། །

ལྷག་བསམ་དགེ་བ་འགྲུབ་པར་བྱིན་གྱིས་རློབས། །

 

གནས་དགོན་པདྨ་ས་བཅུའི་ངོར། མཆོག་གྱུར་གླིང་པས་འཕྲལ་དུ་བྲིས།

 

མཆོག་གྱུར་བདེ་ཆེན་གླིང་པ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept