Prayer for Lama Chöying and Yönten—Tibetan
༄༅། །བླ་མ་ཆོས་དབྱིངས་དང་སྒྲུབ་པ་ཡོན་ཏན་གྱིས་བསྐུལ་བའི་གསོལ་འདེབས།
རྗེ་སྐུ་གསུམ་གྱི་བདག་ཉིད་བླ་མ་ལ། །
ཡིད་གདུང་བ་དྲག་པོས་གསོལ་བ་འདེབས། །
ཕ་ཁྱེད་ཀྱི་ཐུགས་རྗེས་མ་གཟིགས་ན། །
མི་བདག་ལ་རེ་ས་གཞན་ན་མེད། །
ང་ཆོས་སྒོ་ལ་ཞུགས་ནས་ད་ལྟའི་བར། །
སེམས་མི་འཇིགས་གཏད་སོའི་གདེང་མི་འདུག །
ད་ལྟ་རང་ཤི་ན་ཅི་ཞིག་བྱ། །
ཆོས་སྙིང་ནས་བྱེད་པ་ཞིག་བྱིན་གྱིས་རློབས། །
སྡོམ་གསུམ་ལ་བརྩོན་པ་བྱས་ཁུལ་ཀྱང་། །
བདག་འཛིན་གཏན་ནས་མ་ཆོད་པས། །
འཁོར་བ་ལས་ཐར་ཐབས་ཅི་ཞིག་ཡོད། །
བདག་མེད་རྟོགས་པ་ཞིག་བྱིན་གྱིས་རློབས། །
སྒྲུབ་ལ་མི་ཚེ་ཕུད་ན་ཡང་། །
དུག་མཉམ་ཕྱོགས་ཙམ་མ་མཐོང་བས། །
ཚེ་འདིར་སངས་རྒྱས་ག་ལ་འགྲུབ། །
བསྐྱེད་རྫོགས་མྱུར་དུ་སྨིན་པ་ཞིག་བྱིན་གྱིས་རློབས། །
ར་རྡ་བེ་ཧུ་བླ་མ་ཆོས་དབྱིངས་དང་སྒྲུབ་པ་ཡོན་ཏན་གྱིས་བསྐུལ་ངོར་མཆོག་གྱུར་གླིང་པས་བྲིས་པ་དགེ །