The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer for Kunzang Longyang—Tibetan

English | བོད་ཡིག

༄༅། །ཀུན་བཟང་ཀློང་ཡངས་ཀྱིས་བསྐུལ་བའི་གསོལ་འདེབས།

 

སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །

གྲུབ་ཐོབ་ཀུན་གྱི་གཙོ་བོ་ཐོད་ཕྲེང་རྩལ། །

གྲུབ་པའི་རྒྱལ་མོ་ཡེ་ཤེས་མཚོ་རྒྱལ་མ། །

རྣམ་འཕྲུལ་རྒྱ་བོད་མཁས་གྲུབ་ཐམས་ཅད་དང་། །

ཁྱད་པར་བཀའ་དྲིན་སུམ་ལྡན་བླ་མ་ལ། །

མོས་གུས་གདུང་བ་དྲག་པོས་གསོལ་བ་འདེབས། །

 

ལྷ་སྣང་མེ་ཡིས་མ་དག་སྣང་བ་བསྲེགས། །

ཨ་ཤད་འདུ་འཕྲོས་ཟག་བཅས་ཕུང་པོ་སྦྱངས། །

འོད་གསལ་གཏུམ་མོས་གཉིས་སྣང་བག་ཆགས་བཅོམ། །

བདེ་དྲོད་ཡེ་ཤེས་འབར་བར་བྱིན་གྱིས་རློབས། །

 

ཞེས་རྟོགས་ལྡན་ཀུན་བཟང་ཀློང་ཡངས་ཀྱིས་བསྐུལ་བ་དང་། གྲྭ་ཚང་རྣམས་ཀྱིས་གཏུམ་མོ་ཞག་བདུན་སྒོམ་པའི་སྐབས་སུ་ཉེ་བར་མཁོ་ཕྱིར་བདེ་དྲོད་ན་བུན་ལྟར་གཏིབས་པའི་རྫོང་གུ་རུའི་ཧཱུྃ་བསྒྲུབ་མཛད་པའི་བཞུགས་ཁང་རྫུ་འཕྲུལ་ཕུག་ཆོས་འབྱུང་ཙཎྜ་ལིའི་དབྱིབས་ཅན་དུ་མཆོག་གྱུར་བདེ་ཆེན་གླིང་བས་ཐུགས་འགྱུར་དུ་སྨྲས་པ་མཁན་པོ་པདྨ་བློ་གྲོས་ཀྱིས་ཡི་གེར་བྲིས་པ་དགེ །

 

མཆོག་གྱུར་བདེ་ཆེན་གླིང་པ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept