The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer for Karma Tsultrim Rabten—Tibetan

English | བོད་ཡིག

༄༅། །ཀརྨ་ཚུལ་ཁྲིམས་རབ་བརྟན་གྱིས་བསྐུལ་བའི་གསོལ་འདེབས།

 

གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །

ངེས་པ་ལྔ་ལྡན་ལོངས་སྐུ་རིགས་ལྔའི་ཚོགས། །

ཚོགས་ཡུལ་གནས་དག་སེམས་དཔའ་སེམས་མ་དང་། །

གཞན་ཡང་སངས་རྒྱས་བྱང་སེམས་མ་ལུས་པ། །

འདུས་པའི་བདག་ཉིད་པདྨ་ཐོད་ཕྲེང་རྩལ། །

རིག་འཛིན་རྣམ་བརྒྱད་རྗེ་འབངས་ཉེར་ལྔ་སོགས། །

རིག་འཛིན་བླ་མའི་སྡེ་དང་ཡི་དམ་ལྷ། །

གནས་གསུམ་མཁའ་འགྲོ་མ་མགོན་ཆོས་སྐྱོང་ཚོགས། །

ནོར་ལྷ་ཐམས་ཅད་བླ་མའི་རོལ་པ་ཆེ། །

གསོལ་བ་འདེབས་སོ་མི་མཐུན་ཀུན་ཞི་ཞིང་། །

གཙུག་ལག་འདུས་སྡེ་རབ་རྒྱས་མཐུན་རྐྱེན་འཕེལ། །

ལྟ་སྤྱོད་མཐར་ཕྱིན་བྱང་ཆུབ་མཆོག་ཐོབ་ཤོག །

 

ཅེས་པ་འདི་ནི་རྣམ་འདྲེན་དམ་པ་ཚངས་སར་བླ་མ་ཀརྨ་ཚུལ་ཁྲིམས་རབ་བརྟན་གྱིས་གསུང་ངོར་མཆོག་གྱུར་གླིང་པས་དགེ་བར་བྲིས་པའོ།།

 

མཆོག་གྱུར་བདེ་ཆེན་གླིང་པ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept