The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer for the Faithful—Tibetan

English | བོད་ཡིག

༄༅། །དད་ལྡན་གྱིས་བསྐུལ་བའི་གསོལ་འདེབས།

 

ཨེ་མ་ཧོཿ

ཆོས་སྐུ་སྣང་བ་མཐའ་ཡས་སྤྱན་རས་གཟིགས། །

རྒྱལ་ཀུན་འདུས་པའི་སྤྱི་གཟུགས་པདྨ་འབྱུང་། །

མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ། །

གསོལ་འདེབས་འདོད་དོན་འགྲུབ་པར་བྱིན་གྱིས་རློབས། །

 

ནམ་མཁའི་སྙིང་པོའི་ཕྲིན་ལས་སྤྲུལ་པ་མཆོག །

དཔལ་ལྡན་འགྱུར་མེད་ཚེ་དབང་ཕྲིན་ལས་དང་། །

ལང་གྲོ་ལོ་ཙཱ་མཆོག་གྱུར་དྲག་པོའི་ཞབས། །

གསོལ་འདེབས་འདོད་དོན་འགྲུབ་པར་བྱིན་གྱིས་རློབས། །

 

མུ་རུབ་བཙན་པོ་མཆོག་གྱུར་གླིང་པ་དང་། །

ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་ཚོགས། །

གསོལ་འདེབས་བདག་རྒྱུད་བྱིན་གྱིས་བརླབས་པ་དང་། །

དགེ་བའི་སྐལ་བྱེད་མི་རྟག་འཆི་བ་དྲན། །

རང་ངོ་རང་ཤེས་བདག་འཛིན་འགོང་པོ་ཐུལ། །

ཆོས་ཀུན་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །

 

ཚེ་འདིར་ཚེ་རིང་ནད་མེད་ཆོས་དང་སྤྱོད། །

ཕྱི་མ་སྣང་མཐའ་ཁྱེད་ཀྱི་ཞལ་མཐོང་ནས། །

སྤྱན་རས་གཟིགས་ཀྱི་ཐུགས་རྗེས་སྤྱན་གྱིས་གཟིགས། །

པདྨ་འབྱུང་གནས་མཆོག་གིས་ལམ་སྣ་དྲོངས། །

 

ནམ་ཡང་པད་འབྱུང་ཁྱེད་དང་འབྲལ་མེད་ཅིང་། །

པདྨ་འབྱུང་གནས་ཐུགས་རྗེ་རྒྱང་མ་རིང་། །

ཐུགས་རྗེས་གཟིགས་ཤིག་གུ་རུ་རིན་པོ་ཆེ། །

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

 

ཞེས་དད་ལྡན་གྱིས་བསྐུལ་ངོར་རིག་འཛིན་མཆོག་གྱུར་གླིང་པས་སྦྱར་བའོ།།

 

མཆོག་གྱུར་བདེ་ཆེན་གླིང་པ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept